མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཧྭ་གསར་འགྱུར་ཁང་གིས་མ་འོངས་པར་ཕྱོགས་པའི་ཡིག་རྒྱུགས་ཞེས་པའི་གནས་ཚུལ་འགོད་སྤེལ་ཆེ་གྲས་སྤེལ་འགོ་ཚུགས་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༢༣ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་རྩོམ་ཡིག་རིང་གྲས་མ་འོངས་པར་ཕྱོགས་པའི་ཡིག་རྒྱུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོར་མཛུབ་ཁྲིད་གནང་བར་བསྐྱར་དུ་བཅར་འདྲི་བྱས་པའི་ཟུར་བྲིས་ཞེས་པ་སྤེལ་ཡོད་པ་དང་། ཉིན་དེར་ཤིན་ཧྭ་གསར་འགྱུར་ཁང་གིས་སྒྲིག་བཟོ་བྱས་པའི་གནས་ཚུལ་འགོད་སྤེལ་ཆེ་གྲས་མ་འོངས་པར་ཕྱོགས་པའི་ཡིག་རྒྱུགས་ཞེས་པ་དངོས་སུ་སྤེལ་འགོ་ཚུགས་ཡོད་པ་རེད། དྲ་གྲོགས་ཚོས་ཤིན་ཧྭ་ཐུང་ཞེས་པའི་དྲ་ཚིགས་ཐོག་ནས་བལྟ་ཀློག་བྱས་ཆོག་པ་མ་ཟད་ཐེ་ཞུགས་བྱས་ཆོག་གི་ཡོད་པ་དང་། ད་དུང་ཤིན་ལངས་དང་སའུ་ཧུ། ཝང་དབྱིད། ཐང་ཤུན་སོགས་དྲ་ཚིགས་གཙོ་བོའི་འབྲེལ་ཐག་རྒྱུད་དྲ་ངོས་ལ་བལྟས་ཆོག་གི་ཡོད་པ་རེད།

    གནས་ཚུལ་འགོད་སྤེལ་ཆེ་གྲས་མ་འོངས་པར་ཕྱོགས་པའི་ཡིག་རྒྱུགས་ཞེས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་གྱི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་མཛུབ་ཁྲིད་བརྒྱུད་རིམ་ལ་བསྐྱར་དུ་བཅར་འདྲི་ཞུས་པ་བརྒྱུད་ང་ཚོའི་ཏང་གིས་དུས་རབས་གསར་པའི་ཡིག་རྒྱུགས་ལམ་བུའི་ཐོག་རྔམ་བརྗིད་ལྡན་པའི་དྲིས་ལན་མངོན་པར་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག