མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཚོ་དམག་གིས་མ་ལེ་ཞི་ཡའི་གནམ་གྲུ་འཚོལ་བའི་སྟོབས་ཤུགས་ཆེ་རུ་བཏང་བ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་མཚོ་དམག་གྲུ་གཟིངས་སྲུང་སྐྱོབ་རུ་ཁག་ཁག་བཅུ་བདུན་པ་སྤྱི་ཚེས་༢༤ཉིན་གྱི་སྔ་དྲོ་ཀྲུའུ་ཧྲན་དམག་དོན་གྲུ་ཁ་ཞིག་ནས་དུས་བཀག་ལས་ཉིན་བཅུའི་གོང་དུ་ཐོན་ཡོད་པ་དང་། སྔོན་ལ་ཧིན་རྡུ་རྒྱ་མཚོའི་མཚོ་ཁོངས་སུ་མ་ལེ་ཞི་ཡའི་ས་ཐོག་དང་འབྲེལ་བ་ཆད་པའི་གནམ་གྲུ་འཚོལ་བའི་ལས་འགན་སྒྲུབ་པར་སྐྱོད་རྒྱུ་ཡིན་པ་དང་། དེ་རྗེས་ཡ་ཏིང་དབན་མཚོ་ཁུག་དང་། སོ་མ་ལིའི་མཚོ་ཁོངས་སུ་སྐྱོད་ནས་གྲུ་གཟིངས་སྲུང་སྐྱོབ་རུ་ཁག་ཁག་བཅུ་དྲུག་པའི་གྲུ་གཟིངས་སྲུང་སྐྱོབ་ལས་འགན་རྩིས་ལེན་བྱ་རྒྱུ་ཡིན་པ་རེད། མཚོ་དམག་གི་གྲུ་གཟིངས་སྲུང་སྐྱོབ་རུ་ཁག་ཁག་བཅུ་བདུན་པ་ནི་ཁྲང་ཁྲུན་རྟགས་ཅན་གྱི་དམག་གྲུ་དང་། ཁྲང་ཀྲའུ་རྟགས་ཅན་གྱི་དམག་གྲུ དེ་བཞིན་ཕྱོགས་བསྡུས་མཁོ་སྤྲོད་དམག་གྲུ་ཁྲའོ་ཧུ་དམག་གྲུ་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། རུ་ཁག་དེའི་ནང་དམག་གྲུའི་ཐོག་གི་ཐད་འཕུར་གནམ་གྲུ་གཉིས་དང་། དམིགས་བསལ་འཐབ་འཛིང་པ་བཅུ་གྲངས་ཡོད་པ་དང་། ལས་འགན་སྒྲུབ་མཁན་དཔོན་དམག་༨༡༠ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག