མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚན་པ་༨༧༩ཁག་དང་པོའི་གྲོན་ཆུང་རྣམ་པའི་སྤྱི་པའི་ལས་ཁུངས་ཀྱི་དཔེ་སྟོན་ཚན་པར་བདམས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས་༢༤ཉིན་རྒྱལ་ཁབ་ཚན་པ་བྱ་དོན་དོ་དམ་ཅུད་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཚན་པ་དོ་དམ་ཅུད་ཀྱིས་ཉེ་དུས་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ་དང་མཉམ་དུ་ཁག་དང་པོའི་ནུས་རྒྱུ་གྲོན་ཆུང་རྣམ་པའི་སྤྱི་པའི་ལས་ཁུངས་ཀྱི་དཔེ་སྟོན་ཚན་པའི་མིང་ཐོ་༨༧༩ཁྱབ་བསྒྲགས་བྱས་པ་དང་། སྤྱི་པའི་ལས་ཁུངས་དང་ལྷག་པར་དུ་ཏང་སྲིད་ལས་ཁུངས་ཀྱིས་ནུས་པའི་འབྱུང་ཁུངས་དང་ཐོན་ཁུངས་ཟད་གྲོན་དམའ་རུ་གཏོང་རྒྱུའི་ཐད་དཔེ་སྟོན་སྣེ་ཁྲིད་ནུས་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྤྱི་པའི་ལས་ཁུངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། བསྡོམས་རྩིས་ཀྱི་དབྱེ་ཞིབ་ལ་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་མདུན་གྱི་ལོ་གསུམ་ནང་རྒྱལ་ཡོངས་ཀྱི་སྤྱི་པའི་ལས་ཁུངས་ཀྱི་མི་རེའི་ཆ་སྙོམས་ནུས་རྒྱུ་ཟད་གྲོན་དང་ཚན་པའི་འཛུགས་སྐྲུན་རྒྱ་ཁྱོན་གྱི་ཟད་གྲོན་ཁག་སོ་སོ་ཆག་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མི་རེའི་ཆ་སྙོམས་གློག་བེད་སྤྱོད་བྱེད་ཚད་དང་ཚན་པའི་འཛུགས་སྐྲུན་རྒྱ་ཁྱོན་གྱི་གློག་བེད་སྤྱོད་བྱེད་ཚད། མི་རེའི་ཆ་སྙོམས་ཆུ་བེད་སྤྱོད་བྱེད་ཚད། གཞུང་དོན་རླངས་འཁོར་གྱི་སྣུམ་ཟད་གྲོན་བྱེད་ཚད་བཅས་ཁག་སོ་སོ་ཆག་པ་དང་། ནུས་རྒྱུ་གྲོན་ཆུང་བྱེད་པའི་འཕེལ་རིམ་དམིགས་འབེན་ལེགས་གྲུབ་ཐུབ་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག