མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཧོ་ལན་གྱི་དཔལ་འབྱོར་ལས་རིགས་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ལ་ལན་ཆ་བཟང་པོ་གནང་བ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༣ཉིན་ཀྲུང་གོ་དང་ཧོ་ལན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གི་ཤིས་ཚིག་ལ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལས་རིགས་མི་སྣས་ལན་ཆ་བཟང་པོ་གནང་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལས་རིགས་ཀྱི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཀྲུང་གོ་དང་ཧོ་ལན་གྱི་ཕྱོགས་གཉིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཧོ་ལན་དཔལ་འབྱོར་པུའི་རྒྱལ་སྤྱིའི་ཉོ་ཚོང་གི་འགན་ཁུར་མཁན་མཐོ་རིམ་དཔོན་པོ་ཕི་ལའེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧོ་ལན་གྱི་དཔལ་འབྱོར་ཉོ་ཚོང་གོང་འཕེལ་གྱི་གཟིགས་སྟངས་ཀྱིས་ང་རང་ལ་བག་ཆག་ཟབ་མོ་བྱུང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་གསུང་བཤད་གནང་སྐབས་རྒྱལ་ཁབ་གཉིས་པོའི་བར་ཞིང་ལས་དང་། ནུས་པའི་འབྱུང་ཁུངས། ཟས་རིགས། དེ་བཞིན་ཚན་རྩལ་འདུས་ཚད་མཐོ་བ་སོགས་ཁྱབ་ཁོངས་ནང་མཉམ་ལས་སྔར་བས་གཏིང་ཟབ་པ་བྱེད་ཆོག་ཅེས་དམིགས་བསལ་དུ་བཏོན་གནང་ཡོད། ང་རང་ནས་དེར་རྦད་དེ་མོས་མཐུན་ཡོད། དེས་ང་ཚོའི་ཕྱིན་ཆད་ཀྱི་དཔལ་འབྱོར་གོང་འཕེལ་ལ་གོ་སྐབས་སྔར་བས་མང་བ་དང་ཡག་པ་མཁོ་འདོན་བྱེད་ཐུབ་ཅེས་གསུངས་པ་རེད། ཧོ་ལན་ཀའོ་པོ་རོགས་པའི་ཀུང་སིའི་སྤྱི་གཉེར་ཧྥན་དེ་ཧྥི་འར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧོ་ལན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་ཕྱོགས་མང་པོའི་སྐོར་གསུངས་གནང་ཡོད་པས་ངའི་བསམ་པར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མདུན་ལྗོངས་ཆེན་པོ་ལྡན་ཡོད་པ་རེད་བསམ་གྱི་འདུག་ཅེས་གསུངས་པ་རེད།

    ཀྲུང་གོའི་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་དཔོན་ཐན་གོ་ལིས་དང་། དབྱིས་ལིས་ཚོགས་པའི་སྤྱི་ཁྱབ་ལས་འཛིན་དཔོན་ཕན་ཀང་གིས་དེའི་ཐད་གདེང་འཇོག་ཡག་པོ་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག