མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱོད་ཚུལ་ནན་པོར་བརྟེན་ནས་སྒྱུར་བཅོས་ཀྱི་འགན་འཁྲི་ཁུར་དགོས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:07

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དམངས་འདོད་གཅིག་སྡུད་དང་། རྒྱལ་དོན་ལ་མཉམ་དུ་གྲོས་བསྡུར་བྱེད་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་མཇུག་སྒྲིལ་བ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་དུང་བརྡ་བསྒྲགས་ཟིན་པ་རེད། དེ་ནི་རྒྱལ་ཁབ་ཀྱི་འཆར་གཞི་ཆེན་པོ་གསར་དུ་བཏིང་བ་ཞིག་དང་། སྒྱུར་བཅོས་ཀྱི་རྒྱང་སྐྱོད་ལོ་གསར་པའི་ནང་རྣམ་པ་གསར་རྐྱང་ཐོག་ནས་ལག་བསྟར་བྱས་པ་ཞིག་ཡིན། ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཚེ། འཆར་གཞི་ཡག་པོ་གཞི་ནས་དོན་དངོས་ལ་འགྱུར་ཐུབ་པ་དང་། འགོ་འཛུགས་ཀྱི་གོམ་པ་བརྟན་པོ་སྤོ་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་པོ་གསུམ་དང་དོན་དངོས་གསུམ་ཞེས་པའི་གནད་ལ་འཕིགས་པའི་རྒྱས་བཤད་གནང་བ་དེ་ནི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་ལ་བསླབ་བྱ་ནན་པོ་གནང་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་ཞིག་དང་། མི་དང་སྲིད་འཛིན་ལ་ཚད་འཛིན་པའི་ཚད་གཞི་མངོན་གསལ་དོད་པོ་ཞིག་ཡིན་ལ། ཏང་གཤིས་རྩ་དོན་དང་སྲིད་འཛིན་ནུས་པའི་གལ་ཆེའི་ཞིབ་བཤེར་ཞིག་ཡིན། དེའི་ཉིང་བཅུད་ལ་བསམ་བློ་ནན་པོ་གཏོང་བ་དང་། དགོངས་དོན་ཡིད་ལ་བརྟན་པོར་ངེས་པ། བླང་བྱ་ལག་བསྟར་བྱ་རྒྱུ་བཅས་ནི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མདུན་དུ་འཕྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་ལེགས་སྒྱུར་གྱི་གལ་ཆེའི་བྱ་ཐབས་རབ་དང་རིམ་པ་བཏོན་གནང་བ་དེས་རྒྱལ་ཁབ་ཕྱི་ནང་གིས་དོ་ཁུར་ཆེན་པོ་བྱས་ཡོད་པ་མ་ཟད། སྤྱོད་ཚུལ་འཛུགས་སྐྱོང་ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་ཡོད་པ་དང་། དམིགས་བསལ་གྱི་དུས་འདིར་དམིགས་བསལ་གྱི་ནུས་པ་འབུར་དུ་ཐོན་ཡོད། སྤྱི་ལོ་༢༠༡༤ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཚུགས་ལོ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པ་ལེགས་གྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། རིམ་སྤར་དུས་རིམ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པའི་དུས་རིམ། ཉེན་ཁ་མངོན་པའི་དུས་རིམ་སོགས་གཅིག་ལ་གཅིག་མཐུད་ཡིན་པ་དང་། ཉེན་ཁ་ལས་གྲོལ་ཐུབ་པ་དང་། དཀའ་གནད་ཐག་གཅོད་ཐུབ་པ། ཁེ་ཕན་དོ་སྙོམས་ཡོང་བ་བཅས་ཀྱི་ལས་དོན་ནི་ཏན་ཏིག་ངང་སྒྲུབ་དགོས་པ་ཞིག་ཡིན།

    ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྤྱོད་ཚུལ་ལག་བསྟར་བྱ་རྒྱུ་དེ་དུས་དང་རྣམ་པ་ཀུན་དུ་ཡིད་ལ་བརྟན་པོར་ངེས་དགོས། སྤྱོད་ཚུལ་ཡག་པོ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྤྱོད་ཚུལ་གྱི་ཞན་ཆ་སེལ་བ། སྤྱོད་ཚུལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཚེ་གཞི་ནས་འགྲན་རྩོད་ལ་ཁ་གཏད་གཅོག་ཐུབ་པ་དང་། དཀའ་གནད་འགག་གྲོལ་ཡོང་བ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ངོ་མ་བྱེད་ཐུབ་པ་དང་། དུས་རབས་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཐུབ་ཅེས་འཁོད་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག