མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་བདག་གཉེར་བྱ་རྒྱུར་སྤྲོད་པའི་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:06

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་བདག་གཉེར་བྱ་རྒྱུར་སྤྲོད་པའི་ཚོགས་འདུ་སྤྱི་ཚེས་༢༤ཉིན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཀྲང་ཆིང་ལིན་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

    ཏུའུ་ཆིང་ལིན་གྱིས་གྲོས་གཞིས་སྲིད་གྲོས་ཨུ་ཡོན་རྣམ་པའི་སེམས་ནུས་དང་བློ་རིག་གཅིག་སྡུད་བྱས་ཡོད་པ་དང་། གྲོས་གཞི་བདག་གཉེར་བྱས་པ་དེས་འགན་གཉེར་ཚན་པའི་འགན་འཁྲི་དང་ཆུ་ཚད་མངོན་གྱི་ཡོད་པ་དང་། ངོས་འཛིན་མཐོར་གཏོང་དང་། བསམ་བློ་གཅིག་གྱུར་བྱེད་པ། འགན་འཁྲིའི་བསམ་པ་མཐོ་རུ་ཏན་ཏིག་གཏོང་བ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་མི་དམངས་སྲིད་གྲོས་ཀྱི་གྲོས་གཞི་བདག་གཉེར་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དོན་འཁྱོལ་ནན་ཏན་བྱེད་པ། ལག་བསྟར་བྱེད་རིན་ཡོད་པའི་བྱ་ཐབས་ཏན་ཏིག་བཟུང་བ་བཅས་བྱས་ནས། སྤྱི་ལོ་༢༠༡༤ལོའི་གྲོས་གཞིའི་བདག་གཉེར་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་དགོས་ཞེས་གསུངས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། གྲོས་གཞི་༡༥༦གི་འགན་གཉེར་ཚན་པའི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག