མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཨ་རིའི་ཉིང་རྡུལ་བདེ་འཇགས་འགན་སྲུང་དཔེ་སྟོན་ལྟེ་གནས་སྔོན་དཔག་བྱས་ན་སྤྱི་ལོ་༢༠༡༥ལོར་བཙུགས་ཟིན་ནས་བེད་སྤྱོད་བྱ་རྒྱུ་ཡིན་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:06

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་ཨ་རིའི་ནུས་པའི་འབྱུང་ཁུངས་པུས་མཉམ་དུ་འཛུགས་སྐྲུན་བྱས་པའི་ཀྲུང་གོ་དང་ཨ་རིའི་ཉིང་རྡུལ་བདེ་འཇགས་འགན་སྲུང་དཔེ་སྟོན་ལྟེ་གནས་མིག་སྔར་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་བདེ་བླག་ཡིན་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་༢༠༡༥ལོའི་ལོ་མཇུག་ཏུ་བཙུགས་ཟིན་པ་བྱ་རྒྱུ་མ་ཟད་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད། དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་། སྒྲིག་ཆས་ཆ་ཚང་ཤོས། སྒྲིག་ཆས་ཆེས་སྔོན་ཐོན་གྱི་ཉིང་རྡུལ་བདེ་འཇགས་འགན་སྲུང་གི་སྤེལ་རེས་དང་གསོ་སྐྱོང་ལྟེ་གནས་ལ་འགྱུར་རྒྱུ་ཡིན་པ་རེད།

    པེ་ཅིན་ཁྲང་ཡང་ཚན་རྩལ་གླིང་དུ་གནས་པའི་ཀྲུང་གོ་དང་ཨ་རིའི་ཉིང་རྡུལ་བདེ་འཇགས་འགན་སྲུང་དཔེ་སྟོན་ལྟེ་གནས་སྤྱི་ལོ་༢༠༡༣ལོའི་ཟླ་བ་བཅུ་གཉིས་པར་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད། རྣམ་གྲངས་འཛུགས་སྐྲུན་གྱི་འགན་ཁུར་མཁན་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་འགན་སྲུང་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ཏེང་ཀ་ཡིས་ངོ་སྤྲོད་གནང་བར། ཀྲུང་གོ་དང་ཨ་རིའི་ཉིང་རྡུལ་བདེ་འཇགས་འགན་སྲུང་དཔེ་སྟོན་ལྟེ་གནས་བཙུགས་ཚར་རྗེས་ཀྲུང་གོ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་ལ་ཁ་ཕྱོགས་ནས་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་། ལོ་ལྟར་མི་ཉིས་སྟོང་ཙམ་ལ་གསོ་སྦྱོང་བྱ་རྒྱུ་དང་། གསོ་སྦྱོང་བྱ་ཡུལ་ནང་གཙོ་བོ་ཉིང་རྡུལ་བདེ་འཇགས་འགན་སྲུང་གི་དོ་དམ་པ་དང་། ལག་རྩལ་མི་སྣ། ལས་སྒོའི་མི་སྣ། ལན་ཆའི་སྟོབས་ཤུགས་བཅས་ཚུད་ཡོད། སྔོན་ཐོན་གྱི་སྦྱོང་བརྡར་སྒྲིག་བཀོད་དང་ལག་རྩལ་ནང་སྦྱོང་སྣ་ཚོགས་བརྒྱུད་གསོ་སྦྱོང་བྱ་ཡུལ་ལ་ཉིང་རྡུལ་བདེ་འཇགས་འགན་སྲུང་ཁྱབ་ཁོངས་ཀྱི་ཆེད་ལས་གསོ་སྦྱོང་བྱས་ཏེ། རང་ངོས་ཉིང་རྡུལ་བདེ་འཇགས་འགན་སྲུང་ནུས་པ་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་གོང་འཕེལ་ཕྱིན་པ་དང་བསྟུན་ནས་ཉིང་རྡུལ་བདེ་འཇགས་འགན་སྲུང་གི་དགོས་མཁོ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། དེ་དང་དུས་མཚུངས་སུ་འཛམ་གླིང་གི་རྙོག་འཛིང་ཆེ་བའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དུས་བབ་ཀྱིས་ཀྱང་ཉིང་རྡུལ་བདེ་འཇགས་འགན་སྲུང་ལ་འགྲན་རྩོད་མང་པོ་བཟོས་ཡོད། བདེ་འཇགས་འགན་སྲུང་ལས་དོན་གཞན་དག་དང་བསྡུར་ཚེ། ཉིང་རྡུལ་བདེ་འཇགས་འགན་སྲུང་གི་བླང་བྱ་སྔར་བས་མཐོ་བས། ལས་སྒོའི་མི་སྣས་བདེ་འཇགས་འགན་སྲུང་ཤེས་རྟོགས་ཐུབ་པ་དགོས་པ་མ་ཟད། ཉིང་རྡུལ་གྱི་འབྲེལ་ཡོད་ཤེས་བྱ་ཤེས་པ་བྱེད་དགོས་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག