ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས་༢༤ཉིན་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུས་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ནང་ལྷུངས་པའི་ཁྱབ་བསྒྲགས་བྱས་པའི་ཐད། ཀྲུང་གོའི་ཕྱོགས་ནས་མ་ལེ་ཞི་ཡའི་ཁྱབ་བསྒྲགས་འདི་ཤེས་རྟོགས་བྱུང་། ང་ཚོས་འདིའི་ཐད་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་མ་ལེ་ཞི་ཡས་མཇུག་སྡོམ་འདི་བྱུང་བའི་ཆ་འཕྲིན་དང་དཔང་རྟགས་ཚང་མ་མཁོ་འདོན་བྱ་རྒྱུའི་རེ་བ་བཏོན་ཡོད། ཀྲུང་གོའི་ཕྱོགས་ཀྱི་འཚོལ་ཞིབ་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན། ང་ཚོས་མ་ལེ་ཞི་ཡ་ཕྱོགས་དང་དེ་མིན་རྒྱལ་ཁབ་གཞན་དག་གིས་འཚོལ་ཞིབ་ལས་དོན་མུ་མཐུད་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།