མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ༢༠༡༤ལོའི་རིག་གནས་དང་བླང་ཞབས་ཞུ་སྐུལ་སྤེལ་ལོ་ཞེས་པའི་མུ་འབྲེལ་བྱེད་སྒོ་འགོ་ཚུགས་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:06

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་ཐུན་མོང་ཐོག་གཉེར་བའི་སྤྱི་ལོ༢༠༡༤ལོའི་རིག་གནས་དང་བླང་ཞབས་ཞུ་སྐུལ་སྤེལ་ལོ་ཞེས་པའི་མུ་འབྲེལ་བྱེད་སྒོ་སྤྱི་ཚེས༢༤ཉིན་པེ་ཅིན་དུ་འགོ་བཙུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་མུ་འབྲེལ་བྱེད་སྒོའི་ནང་ཞུགས་མཁན་སྣེ་རིགས་མང་བ་དང་ཁྱབ་རྒྱ་ཆེན་པོ་ཡོད་པ་རེད། དཔེར་ན་དཔྱིད་ཀྱི་གྲུ་ཆར་ལས་གཞི་ཞེས་པ་སྟེ་རྒྱལ་ཡོངས་ཀྱི་རིག་གནས་དང་བླངས་པ་མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོའི་ནང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་དགུ་ཡིས་མཐའ་མཚམས་མི་རིགས་ཞིང་ལྗོངས་བཅུ་གཉིས་སུ་རིག་གནས་དང་བླང་ཞབས་ཞུའི་རྣམ་གྲངས་འབོར་ཆེན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    ད་ལོ་ད་དུང་མཐའ་མཚམས་མི་རིགས་ས་ཁུལ་ཕུད་པའི་དབུལ་ཕོངས་ས་ཁུལ་ཡང་ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་པ་དང་། ཆབས་ཅིག་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་བརྩོན་ཆེན་མོས་ལས་ཀ་དེའི་ནང་ཞུགས་རྒྱུའི་སྐུལ་མ་བྱས་ཡོད་པ་རེད། བརྗོད་བྱ་གཙོ་བོའི་བྱེད་སྒོ་དགུའི་ནང་། རྒྱ་ཆེའི་རིག་གནས་དང་བླངས་པ་རྣམས་ཀྱིས་གྲོང་ཁུལ་དང་། སློབ་ར། བཟོ་གཏེར་ཁུལ་སོགས་སུ་ཟབ་ཞུགས་དང་། རྒན་རྒོན་མི་ཧྲེང་དང་། གཞིས་སྡོད་བུད་མེད་དང་བྱིས་པ། གྲོང་ཁྱེར་ནང་ཡོང་འབབ་གསོག་མཁན་ཞིང་པ་ལས་མི། དབང་པོ་སྐྱོན་ཅན་སོགས་ཀྱི་མི་ཚོགས་གཙོ་གནད་ཐོག་ཞབས་ཞུ་བྱ་ཡུལ་དུ་བཞག་ཡོད་པ་དང་། དམིགས་ས་ཡོད་པའི་ཐོག་ནས་རིག་གནས་དང་བླངས་ཞབས་ཞུ་སྣ་ཚོགས་སྤེལ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག