ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས༢༤ཉིན་མ་ལེ་ཞི་ཡའི་འབྲེལ་ཐག་ཆད་པའི་གནམ་གྲུ་འཚོལ་ཞིབ་ཐད་ཀྱི་གནས་ཚུལ་ངོ་སྤྲོད་གནང་སྐབས། ཀྲུང་གོས་དུས་ཚོད་དམ་འཛིན་གྱིས་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། རེ་བ་རྟ་རྔ་ཙམ་ལས་མེད་ཀྱང་ཀྲུང་གོས་འཚོལ་ཞིབ་བྱེད་མཚམས་འཇོག་མི་སྲིད་ཅེས་གསུངས་འདུག
ཧུང་ལེས་ཀྲུང་གོའི་མཁའ་དམག་གི་དབྱིར༧༦རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་དེ་སྤྱི་ཚེས༢༤ཉིན་ནས་ཧྥོ་སེ་ནས་ཐོན་པ་དང་། ལྷོ་ཧིན་རྡུ་རྒྱ་མཚོའི་ཁུལ་གྱི་གནམ་གྲུ་ཆག་རོ་དང་འདྲ་པོ་ཡོད་པའི་དངོས་པོ་ཆུ་ཁར་འཕྱོ་བའི་ཁུལ་དེར་བསྐྱོད་ཡོད་པ་རེད། མཚོ་སྐོར་༠༡རྟགས་ཅན་དང་། ལྷོ་རྒྱ་མཚོའི་མྱུར་སྐྱོབ་༡༠༡རྟགས་ཅན་གྱི་གྲུ་གཟིངས་ཀྱང་རང་རྒྱལ་གྱི་ལྷོ་ཕྱོགས་ཀྱི་འཚོལ་ཞིབ་ཁུལ་ནས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ནས་བཤད་པའི་མཚོ་ཁོངས་དེའི་ཕྱོགས་སུ་བསྐྱོད་ཡོད། དེ་མིན་ཀྲུང་གོའི་མཚོ་དམག་ཁུན་ལུན་རི་བོ་རྟགས་ཅན་དང་། ཆན་ཟླའོ་མཚེའུ་རྟགས་ཅན། ཧའི་ཧའུ་དམག་གྲུ་བཅས་འབྲེལ་ཡོད་མཚོ་ཁོངས་ཀྱི་ཉེ་བར་སླེབས་ཡོད་པ་རེད། མཚོ་སྐོར༣༡རྟགས་ཅན་དང་། ལྷོ་རྒྱ་མཚོའི་མྱུར་སྐྱོབ༡༡༥རྟགས་ཅན་གྱི་གྲུ་གཟིངས་མགྱོགས་མྱུར་ངང་རང་རྒྱལ་གྱི་ལྷོ་རྒྱུད་འཚོལ་ཞིབ་ཁུལ་དུ་འཚོལ་ཞིབ་བྱེད་ཀྱིན་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད།