མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧི་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལེ་ཧྲན་ཏ་ལ་ཡང་བསྐྱར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

    ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལེ་ཧྲན་ཏ་ལ་ཡང་བསྐྱར་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧི་ལན་བར་གྱི་འབྲེལ་བ་དང་རྒྱལ་བཅོས་སྲིད་སྐྱོང་ཀྱི་ཉམས་མྱོང་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལེ་ཧྲན་ཏ་ལ་ཡང་བསྐྱར་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧི་ལན་བར་གྱི་འབྲེལ་བ་དང་རྒྱལ་བཅོས་སྲིད་སྐྱོང་ཀྱི་ཉམས་མྱོང་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ད་ཐེངས་འཚམས་འདྲི་བྱེད་པར་རྒྱལ་བོ་བེ་ལེན་ཡ་ལེ་ཧྲན་ཏ་དང་ཧི་ལན་སྲིད་གཞུང་དང་མི་དམངས་བཅས་ཀྱིས་སྣེ་ལེན་བཟང་བོ་བྱས་ཏེ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཆགས། ང་ཚོས་སྒོ་འབྱེད་དངོས་གཉེར་གྱི་ཀྲུང་གོ་དང་ཧི་ལན་བར་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ལ་གོ་སྐབས་གསར་བ་བསྐྲུན་པ་དང་ང་ཚོས་ད་དུང་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པ་བཀོད། རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འབྲེལ་བའི་ཕྱོགས་སུ་བདག་ལ་ཡིད་ཆེས་ཆེན་པོ་ཡོད་ཟེར།

    བེ་ལེན་ཡ་ལེ་ཧྲན་ཏ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཕེབས་པ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་རྗེས་ཀྲུང་གོ་རྒྱལ་ཁབ་ཀྱི་མགོ་གཙོ་ཐོག་དང་པོར་ཧི་ལན་ལ་འཚམས་འདྲིར་ཡོང་བ་ཡིན་ལ། བདག་གིས་རྒྱལ་བོའི་འགན་འཁུར་རྗེས་སྣེ་ལེན་བྱས་པའི་ཕྱི་རྒྱལ་གྱི་མགོ་གཙོ་ཐོག་མ་ཡང་ཡིན་པས་དེ་ལ་དམིགས་བསལ་གྱི་ལོ་རྒྱུས་རང་བཞིན་ལྡན། ཐེངས་འདིའི་འཚམས་འདྲིའི་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་ཀྱང་མངོན་གསལ་ཐོབ་པས་ཕྱིན་ཆད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག