མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་རོ་མ་ནི་ཡའི་ཙུང་ལི་གཞོན་པ་དང་པོ་ཏི་ལ་ཀི་ནེ་ཡ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཟླ3པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རོ་མ་ནི་ཡའི་ཙུང་ལི་གཞོན་པ་དང་པོ་ཞོར་དུ་ས་གནས་འཕེལ་རྒྱས་དང་སྤྱི་པའི་སྲིད་འཛིན་པུའུ་ཀྲང་གི་འགན་ཁུར་མཁན་ཏི་ལ་ཀི་ནེ་ཡ་དང་གྲོས་མོལ་མཛད་པ།
ཟླ3པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རོ་མ་ནི་ཡའི་ཙུང་ལི་གཞོན་པ་དང་པོ་ཞོར་དུ་ས་གནས་འཕེལ་རྒྱས་དང་སྤྱི་པའི་སྲིད་འཛིན་པུའུ་ཀྲང་གི་འགན་ཁུར་མཁན་ཏི་ལ་ཀི་ནེ་ཡ་དང་གྲོས་མོལ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས24ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རོ་མ་ནི་ཡའི་ཙུང་ལི་གཞོན་པ་དང་པོ་ཞོར་དུ་ས་གནས་འཕེལ་རྒྱས་དང་སྤྱི་པའི་སྲིད་འཛིན་པུའུ་ཀྲང་གི་འགན་ཁུར་མཁན་ཏི་ལ་ཀི་ནེ་ཡ་དང་གྲོས་མོལ་མཛད།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་དང་ཕྱོགས་ཡོངས་བར་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ཕྱོགས་གཉིས་ཀྱིས་གོ་སྐབས་དེ་དང་བསྟུན་ནས། རིམ་པ་སོ་སོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས། ཞིང་ལས། རིག་གནས་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་སྟོབས་ཤུགས་གསར་བ་སྣོན་པ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་ལས་མང་པོ་བསྐྲུན་དགོས་ཟེར།

ཏི་ལ་ཀི་ནེ་ཡ་ཡིས་བཤད་རྒྱུར། རོ་མ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་གློག་ཤུགས། ལྕགས་ལམ། ཕྱུགས་ལས་བཅས་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཡོ་རོབ་གླིང་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་བཟང་བོ་བྱེད་འདོད་ཡོད་པར་མ་ཟད། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་དང་ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་ནུས་པ་བཟང་བོ་འདོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག