མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པར་མ་ཟད་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཟླ3པའི་ཚེས24ཉིན། ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གསུམ་པ་ཧི་ལན་གྱི་ཧེ་ཡ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕེན་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་རར་ཕེབས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གསུམ་པ་ཚེས24ཉིན་ཧི་ལན་རྒྱལ་ཁབ་ཀྱི་ཧེ་ཡ་ནས་བསྡུས ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་སྐོར་གྱི་བྱེད་ཐབས་དང་གྲུབ་འབྲས་མཚམས་སྦྱོར་མཛད་པར་མ་ཟད། ཀྲུང་གོས་འཕེལ་རྒྱས་དང་བདེ་འཇགས་མཉམ་དུ་འཛིན་པ་དང་། ཁེ་དབང་དང་འོས་འགན་མཉམ་དུ་འཛིན་པ། རང་བདག་དང་མཉམ་ལས་མཉམ་དུ་འཛིན་པ། རྩ་ལག་མཉམ་བཅོས་ལ་གཙིགས་འཛིན་བྱེད་པ་བཅས་སྐོར་གྱི་ཉིང་རྡུལ་བདེ་འཇགས་ཀྱི་ལྟ་བ་རྒྱས་བཤད་མཛད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ཏེ། ཉིང་རྡུལ་ནུས་ཁུངས་ཡུན་རིང་དང་བདེ་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་འབོད་བཏོན།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་པ་དང་། ཉིང་རྡུལ་འཇིགས་སྐུལ་རིང་ལུགས་སྔོན་འགོག་བྱེད་པ་དེ་ཡིན་ལ། བསྡོམས་པས་རྒྱལ་ཁབ་ང་གསུམ་གྱི་མགོ་ཁྲིད་པ་དང་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་གྲོས་ཚོགས་སུ་ཞུགས། ཧི་ལན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་བར་གདན་དྲངས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱུ་ནི་ཡུན་རིང་གི་གོ་རིམ་ཞིག་ཡིན་པས། ང་ཚོས་རང་ཚོད་འཛིན་པ་དང་མཐུན་སྦྱོར། གཙིགས་འཛིན་བཅས་ཀྱི་ཉིང་རྡུལ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཉིང་རྡུལ་བདེ་འཇགས་དེ་བདེ་བླག་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་ཞིག་ཏུ་ཁྲིད་དགོས། གཅིག་ནས་འཕེལ་རྒྱས་དང་བདེ་འཇགས་མཉམ་དུ་འཛིན་པ་དང་། བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་སྔོན་འགྲོའི་ཆ་རྐྱེན་བྱས་ནས་ཉིང་རྡུལ་ནུས་ཁུངས་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པ་དང་། གཉིས་ནས་ཁེ་དབང་དང་འོས་འགན་མཉམ་དུ་འཛིན་པ་དང་། རྒྱལ་ཁབ་སོ་སོའི་ཁེ་དབང་ལ་བརྩི་འཇོག་བྱེད་རྒྱུ་རྨང་གཞི་བྱས་ནས་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་རང་བདག་དང་མཉམ་ལས་མཉམ་དུ་འཛིན་པ་དང་། གཉིས་ཕན་མཉམ་རྒྱལ་བྱེད་རྒྱུ་ཐབས་ལམ་ཞིག་ཏུ་བརྩིས་ནས་ཉིང་རྡུལ་བདེ་འཇགས་ཡོངས་ཁྱབ་ཏུ་འཚོལ་ཞིབ་བྱེད་དགོས། བཞི་ནས་རྩ་ལག་མཉམ་བཅོས་ལ་གཙིགས་འཛིན་བྱས་ནས། ཉིང་རྡུལ་བདེ་འཇགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག