མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྲེན་ཀྲེན་གྱི་ལས་ཐོག་དང་འགན་གནས་ཐོག་ཡོད་པའི་ཅུས་རྒན་པ་རིམ་པ་ཡན་གྱི་གཞུང་ཞབས་པར་གཞུང་དོན་ཆེད་རླངས་འཁོར་བྱེད་སྤྱོད་བྱེད་རྒྱུ་མེད་པ་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-24 16:05

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཚེས20ཉིན་ནས་བཟུང་ཧྲེན་ཀྲེན་གྱི་ལས་ཐོག་དང་འགན་གནས་ཐོག་ཡོད་པའི་ཅུས་རྒན་པ་རིམ་པ་ཡན་གྱི་གཞུང་ཞབས་པར་གཞུང་དོན་ཆེད་རླངས་འཁོར་བྱེད་སྤྱོད་བྱེད་རྒྱུ་མེད་པ་བཟོས་པ་དང་། རླངས་འཁོར་རྣམས་གཅིག་གྱུར་ཐོག་བཀག་འཇོག་བྱེད་རྒྱུ་ཡིན་པས་ཧྲེན་ཀྲེན་གྱི་གཞུང་གི་རླངས་འཁོར་ཐད་དངོས་སུ་སྒྱུར་བཅོས་བྱེད་འགོ་ཚུགས་ཡོད་པ་རེད།

    ཧྲེན་ཀྲེན་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་གཞུང་གི་རླངས་འཁོར་ཐད་སྒྱུར་བཅོས་བྱ་རྒྱུའི་ལག་བསྟར་ཇུས་གཞིར་གཞིགས་ན། ལས་ཐོག་དང་འགན་གནས་ཐོག་ཡོད་པའི་ཅུས་རྒན་པ་རིམ་པའི་ཞུང་ཞབས་པ་ཡོད་ཚད་དང་སྤྱིར་བཏང་གི་གཞུང་དོན་རླངས་འཁོར་ཚང་མ་བསྒྱུར་བཅོས་བྱ་རྒྱུའི་གྲས་སུ་ཚུད་ཡོད་པ་དང་། གྲོང་ཁྱེར་གྱི་ཚན་པ་བཞིའི་འགོ་ཁྲིད་རྣམས་རང་མོས་ལྟར་སྒྱུར་ཅོས་ནང་ཞུགས་ཆོག་གི་ཡོད་པ་རེད།

    པེ་ཅིང་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པ་སློབ་གླིང་གི་འགོ་འཛིན་གཞོན་པ་པེ་ཝང་ཤིའི་ཡིས་ད་རེས་ཧྲེན་ཀྲེན་གྱི་གཞུང་གི་རླང་ས་འཁོར་ཐད་སྒྱུར་བཅོས་བྱས་པ་དེ་ནི་སྔར་བཞིན་བྱེད་སྟངས་དང་པོར་གཞིགས་པ་ཞིག་ཡིན་པ་དེ་ཡང་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ཕྱོགས་སུ་སྒྱུར་བཅོས་བྱས་པ་ཞིག་ཡིན། འོན་ཀྱང་སྒྱུར་བཅོས་བྱེད་ཤུགས་ཐད་འགག་སྒྲོལ་ཆེན་པོ་བྱུང་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།

    དུས་ཡུན་རིང་པོའི་ནང་གཞུང་གི་རླང་ས་འཁོར་སྒྱུར་བཅོས་ཐད་ཞིབ་འཇུག་གནང་མཁན་ཧུའུ་པེ་ཞིང་ཆེན་སྡོམ་རྩིས་ཅུས་ཀྱི་འགོ་འཛིན་གཞོན་པ་གཡས་ཆིང་གིས་སྔོན་དཔག་བྱས་པར་ན་ནིང་སྤྱི་ཟླ11པར་ཡོངས་བསྒྲགས་བྱས་པའི་ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་དར་སྤེལ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་རྒྱུའི་སྲོལ་ཡིག་ནང་། ཏང་སྲིད་ལས་ཁུངས་ཀྱིས་སྤྱིར་བཏང་རང་བཞིན་གྱི་གཞུང་དོན་རླང་ས་འཁོར་མེད་པ་བཟོས་རྗེས་ཧྲེན་ཀྲེན་གྱི་གཞུང་གི་རླངས་འཁོར་སྒྱུར་བཅོས་བྱེད་འགོ་ཚུགས་ཤིང་། དེས་ས་གནས་གཞན་གྱི་གཞུང་གི་རླངས་འཁོར་སྒྱུར་བཅོས་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་ཡང་སྐུལ་མ་ཐེབས་རྒྱུ་རེད་ཅེས་གསལ་འདོན་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག