མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ཤིན་ཅང་གི་རོགས་སྐྱོར་མཁའ་ལམ་བཞི་གསར་དུ་ཤར་གཏོང་ཐུབ་པ་བྱས་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-24 16:02

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། གསར་འགོད་པར་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་ཤིན་ཅང་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ་༣ཚེས་༣༠ཉིན་ནས་བཟུང་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ཤིན་ཅང་གི་རོགས་སྐྱོར་མཁའ་ལམ་བཞི་གསར་དུ་ཤར་གཏོང་ཐུབ་པ་བྱས་ནས་སྔར་བས་སྟབས་བདེ་བའི་མཁའ་ཐོག་འབྲེལ་ཟམ་འཛུགས་རྒྱུ་རེད། སྐབས་དེར་ཤིན་ཅང་གི་ས་ཁུལ་རིམ་པའི་གྲོང་ཁྱེར་བཞི་ནས་འགྲུལ་བཞུད་བྱེད་མཁན་རྣམས་གནམ་གྲུ་བསྒྱུར་མི་དགོས་པར་ཐད་ཀར་ནང་སའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁག་ལ་འགྲོ་ཆོག་གི་ཡོད་པ་རེད།

    གསར་དུ་ཤར་གཏོང་ཐུབ་པའི་ཤིན་ཅང་གི་རོགས་སྐྱོར་མཁའ་ལམ་བཞི་ནི་ཨ་ཁེ་སུའུ་ནས་ཨུ་ལུམ་ཆི་བར་དང་། ཨུ་ལུམ་ཆི་ནས་ཧང་ཀྲོའུ་བར། དབྱི་ཉིང་ནས་ཨུ་ལུམ་ཆི་བར་དང་། ཨུ་ལུམ་ཆི་ནས་ནན་ཅིང་བར་། ཁུར་ལེ་ནས་ཨུ་ལུམ་ཆིའི་བར་དང་ཨུ་ལིམ་ཆི་ནས་ཤི་ཨན་བར། ཧེ་ཐན་ནས་ཨུ་ལུམ་ཆིའི་བར་དང་ཨུ་ལུམ་ཆི་ནས་ཤི་ཨན་བར་བཅས་གྱི་ལམ་ཐིག་ཡིན་པ་རེད། དེ་དག་བསྡོམས་ན་ཤིན་ཅང་ལ་རོགས་སྐྱོར་གནམ་གྲུ་ཐང་༤༢ཆགས་པ་དང་ཤིན་ཅང་གི་ཡན་ལག་གནམ་གྲུ་ཐང་ཆེ་གྲས་དྲུག་བར་ཤར་གཏོང་ཐུབ་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག