མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ་༢༠༡༣ལོར་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་པོའི་ཁྲོམ་ར་འཕར་སྣོན་འགྲོ་ཚད་དེ་མངོན་གསལ་དོད་པོས་གྲོང་ཁྱེར་དང་གྲོང་བརྡལ་ལས་མགྱོགས་པ་ཡོད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-24 11:12

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ན་ནིང་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་པའི་སྤྱི་འབོར་དེ་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག་འཕར་སྣོན་བརྒྱ་ཆ་༡༡དང་གྲངས་ཆུང་༥ཕྱིན་ཡོད་པ་དང་། འཕར་སྣོན་མྱུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་དྲུག་འགོར་བ་ཡོད་ཅིང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༥༠ཟིན་ཡོད་པ་རེད།

    ཞིབ་འཇུག་ལས་མངོན་པར། ན་ནིང་རང་རྒྱལ་གྱི་འཛད་སྤྱོད་དངོས་པོའི་ཁྲོམ་ར་བརྟན་པོའི་ངང་འགོར་དུ་ཕྱིན་ཡོད། ཀྲུང་གོའི་ལས་རིགས་ཁེ་ལས་ཆ་འཕྲིན་ཡོངས་བསྒྲགས་ལྟེ་གནས་ཀྱི་ཀྲུའུ་རེན་དབན་ཏུང་ཧྭ་ཡིས། སྐུལ་མའི་སྲིད་ཇུས་མེད་པ་བཟོས་པ་དང་གྲོང་མིའི་ཡོང་འབབ་འཕར་སྣོན་མྱུར་ཚད་འགོར་དུ་ཕྱིན་པ་སོགས་ཀྱི་ཤུགས་རྐྱེན་ཡོད་ལ། སྤྱི་ཁོག་སྲིད་ཇུས་ཀྱི་རང་འགུལ་ཚོད་འཛིན་བྱས་པའི་འབྲས་བུ་ཡང་ཡིན་ཞེས་གསུངས་ཡོད་པ་རེད།

    དེ་དང་ཆབས་ཅིག རྒྱལ་ཁབ་ཀྱི་གྲོང་གསེབ་སྟོབས་ཆེན་དང་ཞིང་པར་ཕན་པ་བསྐྲུན་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་དང་ཚོང་ཟོག་འཁོར་རྒྱུག་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་སོགས་ཀྱི་རྒྱུ་རྐྱེན་ལས་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་པོའི་ཁྲོམ་ར་འཕར་སྣོན་འགྲོ་ཚད་དེ་མངོན་གསལ་དོད་པོས་གྲོང་ཁྱེར་དང་གྲོང་བརྡལ་ལས་མགྱོགས་པ་བྱུང་བ་དང་། དབུས་ནུབ་རྒྱུད་ཀྱི་འཛད་སྤྱོད་འཕར་སྣོན་འགྲོ་རྒྱུ་དེ་ཤར་རྒྱུད་ས་ཁུལ་ལས་མགྱོགས་པ། དྲ་བའི་འཛད་སྤྱོད་འཕར་སྣོན་མྱུར་ཚད་དེ་དངོས་གཟུགས་ལས་མགྱོགས་པ་བྱུང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག