མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་མ་དཔེ་བཅུ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-03-24 11:11

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གང་འདྲ་བྱེད་དགོས་སམ། གང་འདྲ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་ལ་འདེགས་སྐྱོར་བྱེད་དགོས་སམ། སྲོལ་རྒྱུན་གྱི་གྲོང་གསེབ་ཤེས་དཔལ་གང་འདྲ་བྱས་ནས་སྲུང་སྐྱོབ་དང་གོང་འཕེལ་གཏོང་དགོས་སམ། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤི་ནན་ཁུལ་ཤིང་དབྱིད་གྲོང་ཁྱེར་རུ་སྐོང་འཚོགས་བྱས་པའི་སྐབས་གཉིས་པའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ། ཝན་ཧྥེང་ལིན་འགོ་གཙོའི་གྲོས་ཚོགས་ཐོག ཞིང་ལས་པུས་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་མ་དཔེ་ཁག་བཅུ་ཁྱབ་བསྒྲགས་བྱས་པ་དང་། ཐོན་ལས་གོང་འཕེལ་རྣམ་པ་དང་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ། གྲོང་ཁུལ་གཅིག་བསྡུས་རྣམ་པ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་པ། རིག་གནས་རྒྱུན་འཛིན་རྣམ་པ། ཡུལ་སྐོར་སྤྲོ་གསེང་རྣམ་པ་སོགས་ཀྱི་མ་དཔེ་བཏོན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མ་དཔེ་བཅུ་པོ་དེ་དག་སོ་སོས་རིགས་ག་གེ་མོ་ཞིག་གི་གྲོང་གསེབ་ཀྱིས་རང་ངོས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད། ཐོན་ལས་གོང་འཕེལ་གྱི་ཁྱད་ཆོས། དེ་བཞིན་དམངས་སྲོལ་རིག་གནས་རྒྱུན་འཛིན་སོགས་ཀྱི་ཆ་རྐྱེན་འོག་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལེགས་གྲུབ་ལྡན་པའི་ཐབས་ལམ་དང་དགེ་མཚན་ལྡན་པའི་བློ་སྒོ་འབྱེད་ཐབས་མཚོན་གྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག