མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་ཆོས་ལུགས་ཐལ་སྐྱོད་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-24 11:11

    ཉེ་ཆར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆོས་ལུགས་ཐལ་སྐྱོད་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བརྙན་འཕྲིན་གྲོས་ཚོགས་འཚོགས་པ་དང་། བྱ་སྤྱོད་དེའི་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས། གདེང་ཚོད་ལོན་པ་བྱེད་པ་དང་། རྩ་ལག་གསལ་པོ་རྟོགས་པ་བྱས་ནས། གཏུམ་སྤྱོད་འཇིགས་སྐུལ་དང་ཆོས་ལུགས་ཐལ་སྐྱོད་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། ཆབས་ཅིག་འབྱུང་རྩ་ནས་བཅོས་རྒྱུ་དང་། རྡུང་བཅོས་ཟུང་འབྲེལ་གྱིས། ཚུལ་མིན་གསུམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། སྔོན་འགོག་དང་འཕྲལ་སྒྲུབ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ལྷོད་གཡེངས་གཏན་ནས་མི་ཤོར་བ་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་བཟུང་། ཤིན་ཅང་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་ཆར་ཐོན་པའི་འབྲེལ་ཡོད་གྱོད་གཞི་ཁག་ཅིག་རྩད་གཅོད་ཐུབ་པ་དང་། ཚོགས་པ་ཁག་ཅིག་མེད་པ་བཟོས་པ་མ་ཟད། ཉེས་བསག་དོག་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད།

    ཤིན་ཅང་སྤྱི་བདེ་ལས་ཁུངས་ཀྱིས་རྨང་གཞི་ཤུགས་ཆེར་གཏོང་བ་དང་། ཡུན་རིང་དམག་འཐབ་བྱ་རྒྱུར་གཞིགས་ནས། རྒྱུན་གཏན་ཅན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། ཤིན་ཅང་གི་ཡུན་རིང་བདེ་འཁོད་ཐད་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག