མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧོ་ལན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-24 11:11

习近平同荷兰首相吕特举行会谈.jpg

    ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ཡ་ནས་ཧོ་ལན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་གྲོས་མོལ་མཛད།

    ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ཡ་ནས་ཧོ་ལན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧོ་ལན་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པ་དང་ཐུན་མོང་གི་ལྟ་ཚུལ་མང་པོ་བྱུང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་སྒོ་འབྱེད་དངོས་གཉེར་གྱི་ཀྲུང་གོ་དང་ཧོ་ལན་བར་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད།

    གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་པ་སྔ་ཞིང་ཁྱབ་ཁོངས་རྒྱ་ཆེ་བ་དང་རྨང་གཞི་བརྟན་པོ་ཡིན་ལ་མུ་མཐུད་དུ་གསར་སྐྲུན་བརྩོན་ལེན་བྱས། ཧོ་ལན་ནི་ཀྲུང་གོས་ཡོ་རོབ་གླིང་དང་མཉམ་ལས་བྱེད་སའི་ཁྲོད་ཀྱི་གཅིག་ཡིན། དབུ་བཞུགས་བློན་ཆེན་ལོས་ཐི་ཡིས་ན་ནིང་གི་ཟླ་བཅུ་གཅིག་པར་ཀྲུང་གོར་འཚམས་འདྲི་བྱས་པ་དང་། ང་ཚོས་གླེང་མོལ་དང་བརྗེ་རེས་བྱས་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ང་ཚོ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་དགོས་པ་དང་མཉམ་ལས་ལ་ཤུགས་སྣོན་པར་རེ་འདུན་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྒོ་འབྱེད་དངོས་གཉེར་གྱི་ཀྲུང་གོ་དང་ཧོ་ལན་བར་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་ཕྱོགས་གཉིས་བར་གྱི་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

    ལོས་ཐི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བར་མཐུན་རྐྱེན་གསར་བ་སྐྲུན་པ་དང་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཐུབ་ངེས་ཡིན། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། ཕྱོགས་གཉིས་བར་གྱི་ཉོ་ཚོང་ཇེ་མང་དུ་གཏོང་བ་དང་ཕན་ཚུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ཚན་རིག་ཞིབ་འཇུག་དང་ཟས་རིགས་བདེ་འཇགས། སྤྱི་ཚོགས་འགན་སྲུང་། ཁོར་ཡུག་སྲུང་སྐྱོབ། ཞབས་ཕྱིའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་སྣོན་འདོད་ཡོད་ཟེར།

    ལོས་ཐི་ཡིས་མ་ལེ་ཞི་ཡའི་མཁའ་སྐྱོད་ཀུང་ཟིའི་འབྲེལ་གཏུག་བྱེད་མཚམས་ཆད་པའི་དོན་རྐྱེན་ལ་འཚམས་འདྲི་ཞུས། ཞི་ཅིན་ཕེན་གྱིས་མིག་སྔར་རྒྱལ་ཁབ་མང་པོ་ཞུགས་པའི་འཚོལ་ཞིབ་བྱ་བ་བྲེལ་མྱུར་ངང་སྒྲུབ་བཞིན་ཡོད་པ་དང་། རེ་བ་ཕྲན་ཙམ་ཡོད་ནའང་ང་ཚོས་གཏན་ནས་བསྐྱུར་མི་སྲིད་ཅེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག