མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-24 10:47

ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་ལན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས23ཉིན་ཧི་ལན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་། ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའུ་ཁི་ལན་ཉམས་ཉེན་ཐད་ཀྱི་གནས་ཚུལ་གསར་བ་དང་འབྲེལ་ཡོད་ལྟ་ཚུལ་འཚམས་སྦྱོར་བྱས།

ཞི་ཅིན་ཕེན་གྱིས་བསྟན་དོན། ཉེ་བའི་དུས་སྐབས་ཤིག་གི་ནང་དུ་ཝུའུ་ཁི་ལན་ཉམས་ཉེན་ཐད་ཀྱི་ཕྱི་རྐྱེན་ཧ་ཅང་གསལ་བོ་ཡིན་ལ། དེ་ནི་ཕྱོགས་སོ་སོའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་དང་གནད་དོན་ཐག་གཅོད་བྱེད་སྐབས་དྲང་བདེན་འདྲ་མཉམ་ཡོང་བར་ལྟ་རྟོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྩ་དོན་གསུམ་གྱི་གྲོས་གཞི་བཏོན་ཡོད་པ་དང་ཕྱོགས་སོ་སོས་ཆེས་ཕན་ནུས་ལྡན་པའི་སྤྱི་ཆིངས་འཚོལ་ཞིབ་བྱས་ནས་གནས་བབ་ཇེ་སྡུག་ལ་མི་འགྲོ་བར་རེ་བ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཀྱི་ཕྱོགས་གཞན་པའི་ཐད་ལའང་ཐག་གཅོད་རང་བཞིན་གྱི་གྲོས་གཞི་བཏོན་ཡོད། ད་ལྟ་ཆེས་གལ་ཆེ་བ་ནི་གནད་དོན་ཐག་གཅོད་པའི་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་འདིའི་ཐད་ལ་འབད་བརྩོན་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པར་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར།

ཕན་ཅི་ཝུན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་དེ་གྲོས་མོལ་དང་ཞི་བདེའི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པར་རེ་བ་བྱེད་བཞིན་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པས། ཆབ་སྲིད་ཀྱི་ཐད་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་དང་། བདག་གིས་ནམ་ཡིན་ཡང་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་འདོད་ཡོད་ཟེར།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཡང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག