མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧོ་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 12:19

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མུའུ་སི་ཐི་ཏན་ནས་ཧོ་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ལ་མཇལ་འཕྲད་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མུའུ་སི་ཐི་ཏན་ནས་ཧོ་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ལ་མཇལ་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས22ཉིན་ཨ་མུའུ་སི་ཐི་ཏན་ནས་ཧོ་ལན་གྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་རྣམ་གཉིས་རྒྱལ་བོའི་ཕོ་བྲང་དུ་ཕེབས་མ་ཐག་ཏུ། རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་དང་བཙུན་མོ་མཱ་ཁི་སི་མ་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་བྱམས་བརྩེ་ངང་གྲོས་མོལ་མཛད།

རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་ཧོ་ལན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཧོ་ལན་རྒྱལ་བོ་ཚང་གིས་ཀྲུང་གོ་བར་གྱི་མཛའ་མཐུན་འགྲོ་འོང་རྒྱུན་འཛིན་བྱེད་རྒྱུ་དང་། ཧོ་ལན་གྱིས་ཀྲུང་གོའི་གྲོགས་པོ་བཟང་བོ་བྱེད་འདོད་ཡོད་པ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་མི་གཞོང་བརྗེ་རེས་ལ་མུ་མཐུད་དུ་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བརྒྱུད་དེ་ཧོ་ལན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་འབད་བརྩོན་བྱེད་ཀྱིན་ཡོད་པས། དེ་ཧོ་ལན་དང་འཛམ་གླིང་ལ་མཚོན་ལ་གོ་སྐབས་བཟང་བོ་ཞིག་ཡིན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཧོ་ལན་ཕྱོགས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོང་བའི་འཕེལ་རྒྱས་ཁ་ཕྱོགས་ཇུས་འགོད་བྱས་ནས། ཀྲུང་གོ་དང་ཧོ་ལན་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག