ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་སྐབས་ལྔ་བ་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་གྲོལ། སློབ་མ་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་བརྒྱུད་ནས་བཅོས་སྒྱུར་ཟབ་སྤེལ་གྱི་གནད་དོན་གལ་ཆེན་ཁ་ཤས་ཀྱི་ངོས་འཛིན་སྔར་ལས་ཇེ་མཐོར་སོང་བ་དང་བཅོས་སྒྱུར་གྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་སོང་ཟེར། །