མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བའི་གྲོས་ཚོགས་བསྡུས་པ་དང་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས21ཉིན་ཧྲན་ཏུང་ཞིང་ཆེན་གྱི་ཅི་ཉིན་གྲོང་ཁྱེར་ནས་རྒྱལ་ཡོངས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་འགོག་པའི་བྱ་བའི་གྲོས་ཚོགས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དཔྱིད་ཚུགས་རྗེས་ཐོག་མར་ཞིང་ལས་འཛིན་དགོས་ལ། དེང་སྐབས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་རྒྱུ་དེ་དཔལ་འབྱོར་བརྟན་འཇགས་ཁྲོད་འཕེལ་རྒྱས་བཟང་བོ་འབྱུང་བ་དང་། ཚོང་རའི་མཁོ་སྤྲོད་དང་རིན་གོང་ཇེ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་དཔྱིད་ཀའི་ཞིང་འདེབས་དང་ཞིང་ཁའི་དོ་དམ་སོགས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། མཛུབ་སྟོན་ཞབས་ཕྱིར་ཤུགས་སྣོན་པ། སྤུས་གྲངས་ལ་ཁག་ཐེག་གི་སྒོ་ནས་དཔྱིད་འདེབས་རྒྱ་ཁྱོན་ཡོངས་འགྲུབ་བྱས་ནས། དབྱར་འབྲུ་དང་ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་ལ་ཡང་བསྐྱར་ལོ་ལེགས་འབྱུང་བར་འབད་བརྩོན་བྱེད་དགོས། ནགས་ཚུལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་དང་སྲོག་ཆགས་རིམས་ནད་སྔོན་འགོག་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། དཔྱིད་ཀའི་སྡོང་འཛུགས་ནགས་སྐྲུན་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་མཉམ་དུ། ཞིང་སྡེའི་བཅོས་བསྒྱུར་ལ་ཧུར་ཐག་སྒོས་ཡར་སྐུལ་གཏོང་བ་དང་། སྒྲིག་གཞི་དང་ལམ་ལུགས་གསར་སྐྲུན་བྱས་ནས། དེང་རབས་ཞིང་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་ཞེས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག