མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧོ་ལན་གྱི་ཨ་མུའུ་སི་ཐི་ཏན་ལ་ཕེབས་ཏེ་ཡོ་རོབ་གླིང་ལ་འཚམས་འདྲི་མཛད་མགོ་བརྩམས་པར་མ་ཟད་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གསུམ་པར་ཞུགས་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨ་མུའུ་སི་ཐི་ཏན་ལ་ཕེབས་ཏེ། ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ཡིས་གདན་དྲངས་པ་ལྟར། ཧོ་ལན་ལ་རྒྱལ་དོན་འཚམས་འདྲི་དང་ཡོ་རོབ་གླིང་ལ་འཚམས་འདྲི་མཛད་མགོ་བརྩམས། པར་འདི་ནི་ཞི་ཅིན་ཕེན་གྱིས་བེ་ལེན་ཡ་ལིས་ཧྲན་ཏ་དང་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།
      ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨ་མུའུ་སི་ཐི་ཏན་ལ་ཕེབས་ཏེ། ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ཡིས་གདན་དྲངས་པ་ལྟར། ཧོ་ལན་ལ་རྒྱལ་དོན་འཚམས་འདྲི་དང་ཡོ་རོབ་གླིང་ལ་འཚམས་འདྲི་མཛད་མགོ་བརྩམས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་དང་། རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་དང་བཙུན་མོ་མཱ་ཁི་ཞི་མ་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས22ཉིན་ཨ་མུའུ་སི་ཐི་ཏན་ལ་ཕེབས་ཏེ། ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ཡིས་གདན་དྲངས་པ་ལྟར། ཧོ་ལན་ལ་རྒྱལ་དོན་འཚམས་འདྲི་དང་ཡོ་རོབ་གླིང་ལ་འཚམས་འདྲི་མཛད་མགོ་བརྩམས།

ས་དེའི་ཉིན་གོང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུ་ཡས་མས་སུ། ཀྲུའུ་ཞི་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཨ་མུའུ་སི་ཐི་ཏན་གྱི་སི་ཞི་ཕུའུ་ཧོ་ཨར་གནམ་གྲུ་ཐང་དུ་བབས། རྒྱལ་བོ་བེ་ལེན་ཡ་ལིས་ཧྲན་ཏ་ཡིས་གནམ་གྲུ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས། ཞི་ཅིན་ཕེན་གྱིས་བེ་ལེན་ཡ་ལིས་ཧྲན་ཏ་དང་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པ་དང་། ཕྱི་འབྲེལ་བློན་ཆེན་ཏིས་མའོ་མོན་སི་སོགས་ཧོ་ལན་ཕྱོགས་ཀྱི་དཔོན་རིགས་དང་ཕྱག་འཇུ་གནང་བར་མ་ཟད། བེ་ལེན་ཡ་ལིས་ཧྲན་ཏ་ལ་ཁོ་དང་མཉམ་དུ་འཚམས་འདྲིར་སོང་བའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་མཚམས་སྦྱོར་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་རང་ཐེངས་འདིར་འཚམས་འདྲིར་ཡོང་བ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐེངས་དང་པོར་ཧོ་ལན་ལ་འཚམས་འདྲིར་ཡོང་བ་ཡིན་ལ། ཧོ་ལན་ནི་ང་རང་ཐེངས་འདིར་ཡོ་རོབ་གླིང་ལ་འཚམས་འདྲིར་ཕེབས་སའི་ས་ཚིགས་དང་པོ་ཡིན། ངས་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་ཧོ་ལན་མི་དམངས་དང་ཡོ་རོབ་གླིང་གི་མི་དམངས་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཧོ་ལན་ནི་ཡོ་རོབ་གླིང་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ལ། ཐེངས་འདིར་ཡོ་རོབ་གླིང་ལ་འཚམས་འདྲི་བྱས་ནས། མ་འོང་གསར་གཏོད་དང་དངོས་གཉེར་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།   

ཧོ་ལན་དུ་འཚམས་འདྲི་གནང་སྐབས། ཞི་ཅིན་ཕེན་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་ཡིས་གདན་དྲངས་པ་ལྟར་ཧེ་ཡ་ནས་བསྡུ་རྒྱུ་ཡིན་པའི་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གསུམ་པར་ཞུགས་ཏེ། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་སྐོར་གྱི་ལྟ་བ་རྒྱས་བཤད་མཛད་རྒྱུ་རེད། མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། ཞི་ཅིན་ཕེན་གྱིས་ད་རུང་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་རྒྱུ་རེད། དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་ད་རུང་ཧྥ་རན་སི་དང་འཇར་མན། པི་ལི་ཧྲི་བཅས་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་། ཕ་རི་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་དང་པུ་རུ་སེར་ལ་ཡོད་པའི་ཡོ་རོབ་གླིང་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་གནང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག