མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར30ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་དབང་བོ་སྐྱོན་ཅན་ཐེབས་རྩ་ཚོགས་པར་འཕྲིན་ཡིག་བསྐུར་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཐེབས་རྩ་ཚོགས་པ་བཙུགས་ཏེ་ལོ་འཁོར་སུམ་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱེ་བ་བརྒྱད་དང་ས་ཡ་ལྔ་དང་ཁོ་ཚོའི་ཁྱིམ་མིར་བརྩེ་བའི་འཚམས་འདྲི་ཞུས་པ་དང་། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། 

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ལོ་ངོ་སུམ་ཅུའི་རིང་ལ། ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་འོག ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་ཕན་བདེ་ཐེབས་རྩ་ཚོགས་པས་དུས་དང་རྣམ་པ་ཀུན་ཏུ་མི་ཆོས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། སྤྱི་ཚོགས་ལ་སྐུལ་སློང་བྱས་ནས། དབང་བོ་སྐྱོན་ཅན་ལ་ཕན་བདེ་བསྐྲུན་པ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་དཔལ་ཡོན་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཐད་ལ་བྱས་རྗེས་བཟང་བོ་བཞག་ཡོད་ཟེར།

ཞི་ཅིན་ཕེན་གྱིས་དབང་བོ་སྐྱོན་ཅན་གྱི་ཐེབས་རྩ་ཚོགས་པས་གོམས་སྲོལ་བཟང་བོ་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཡར་རྒྱས་བརྩོན་ལེན་བྱེད་པ། བྱ་བ་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། དབང་བོ་སྐྱོན་ཅན་རྣམས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ་སོགས་ཀྱི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག