མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྗེས་དྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཟླ3པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྗེས་དྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།
ཟླ3པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྗེས་དྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར30ལོན་པའི་རྗེས་དྲན་ཚོགས་འདུ་ཚེས21ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་རྗེས་དྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དབང་བོ་སྐྱོན་ཅན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་སྟེ། དབང་བོ་སྐྱོན་ཅན་གྱི་ལས་དོན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་བཞག་ནས། དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་སུ་བཏང་སྟེ་འོད་སྟོང་འབར་བའི་གྲུབ་འབྲས་བླངས་པར་མ་ཟད། སྤྱི་ཚོགས་ཡོངས་སུ་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དར་སྲོལ་བཟང་བོ་རིམ་བཞིན་ཆགས་པ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་གནས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ལ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་སོང་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཙུགས་ནས་ད་ལྟའི་བར་དུ་སྤྱིར་བཏང་མ་ཡིན་པའི་བགྲོད་ལམ་ཞིག་བརྒྱུད་མྱོང་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་འཚོལ་ཞིབ་བྱེད་པར་གསར་གཏོད་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་མང་བོ་བསྒྲུབས་པ་དང་། རང་རྒྱལ་གྱི་སྤྱི་ཕན་ལས་དོན་དང་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ཡོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པས་རང་སྟེང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་གཙིགས་འཛིན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་བྱེད་པ། རང་རྟོགས་སྒོས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས། ཧུར་ཐག་སྒོས་ཐེབས་རྩ་ཚོགས་པ་འཛུགས་སྐྲུན་བཟང་བོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལས་དོན་གྱི་འཕེལ་རྒྱས་ལ་སྔར་བཞིན་སེམས་ཁུར་དང་རོགས་སྐྱོར་བྱས་ནས། དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག