མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།
ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས22ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧི་ནན་ཞིང་ཆེན་ལན་ཁོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་སློབ་སྦྱོང་སློབ་གསོ་དང་བསམ་འཆར་ལ་ཉན་པའི་གོ་རིམ་ཁྲོད་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིག་ཡུན་ཧྲན་གྱིས་བསྟན་དོན། སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེས་ཐོག་མའི་འོས་འགན་ནི་སློབ་སྦྱོང་སློབ་གསོ་ཡིན་ལ། སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་འཁྱོང་དགོས་ན་ཐོག་མར་སློབ་སྦྱོང་སློབ་གསོ་བཟང་བོར་སྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་སློབ་སྦྱོང་སློབ་གསོ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཁྱད་པར་དུ་ལན་ཁོ་རྫོང་དུ་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་ཀྱི་གསུང་བཤད་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ངེས་པར་དུ་ལྟ་ཀློག་བྱེད་དགོས་པའི་དཔེ་དེབ་ལ་སློབ་སྦྱོང་བཟང་བོ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བཤད་རྒྱུར། སློབ་གསོ་ལག་ལེན་བྱ་འགུལ་གྱི་ཁ་གཏད་ས་གཙོ་བོ་མགོ་ཁྲིད་ལས་བྱེད་པ་ཡིན་ལ། གྲོང་ཁྱེར་དང་རྫོང་། ཞང་གྲོང་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ་མགོ་ཁྲིད་པ་དང་པོས་འོས་འགན་ཉིས་འཁུར་གྱི་འགན་ནུས་ངེས་པ་དོན་གྱིས་ལག་བསྟར་བྱེད་པ་དང་རང་ཉིད་ཀྱིས་མགོ་ཁྲིད་དེ་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རེ་བ་གཞིར་བཟུང་ནས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་དུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མགོ་རྩོམ་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། བློ་མཐུན་ཅའོ་ཡུས་ལུའུ་ལ་དཔེ་བལྟས་ཏེ་ཁོང་ལྟ་བུའི་ཏང་ཡོན་བཟང་བོ་དང་ལས་བྱེད་པ་བཟང་བོ་ཞིག་བྱེད་པར་འབད་བརྩོན་བྱེད་དགོས་ལ། ལོ་རྒྱུས་ལས་མངོན་པའི་སྔོན་བྱོན་རྒན་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ། དུས་རབས་ཀྱི་སྔོན་བསྐྱོད་པ་བཅས་རང་གི་དཔེ་ལྟ་ས་བྱས་ནས་སྔོན་ཐོན་མིག་དཔེའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཀྲོ་ལི་ཅི་དང་ཀྲོ་ཧོང་ཀྲུའུ་གཉིས་གྲོས་ཚོགས་ལ་ཞུགས།   །      

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག