མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་ལྟར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དོན་སྦྱོང་བརྡར་དངོས་འཐབ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«དམག་དོན་སྦྱོང་བརྡར་དངོས་འཐབ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས། «བསམ་འཆར»ལས་ཏང་གི་གནས་བབ་གསར་བའི་འོག་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ། དམག་དཔུང་གི་འཐབ་འཁྲུག་ལ་མཁས་པ་དང་རྒྱལ་ཁ་ལེན་ཐུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དམག་དོན་སྦྱོང་བརྡར་དངོས་འཐབ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་མཛུབ་སྟོན་བསམ་བློ་དང་སྤྱིའི་བསམ་ཕྱོགས། ལས་འགན་གཙོ་བོ། བྱེད་ཐབས་དང་རེ་བ་བཅས་གཏན་འཁེལ་བྱས་ནས། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དངོས་འཐབ་གྱི་དགོས་མཁོ་གཞིར་བཟུང་སྟེ་སྦྱོང་བརྡར་ནན་མོ་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས། «བསམ་འཆར»ལས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་བསམ་བློ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམག་དཔུང་གི་སྦྱོང་བརྡར་དེ་དངོས་འཐབ་བྱེད་པའི་ཕྱོགས་སུ་བསྒྱུར་བ་དང་། སློབ་གྲྭ་ཆེན་མོའི་སློབ་གསོ་དེ་དམག་དོན་ལ་ཁ་ཕྱོགས་ཏེ། རང་རེའི་དམག་དཔུང་གི་དངོས་འཐབ་ཅན་གྱི་སྦྱོང་བརྡར་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་དགོས་པ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག