ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུང་ལོས་ཀྱིས་ཚེས20ཉིན་པེ་ཅིན་ནས་རྒྱུན་ལྡན་གྱི་གསར་འགོད་པར་སྣེ་ལེན་བྱེད་པའི་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུའུ་ཞི་ཞི་ཅིན་ཕེན་ཧོ་ལན་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མར་མཇལ་འཕྲད་གནང་རྒྱུ་ལས་གཞན། ད་རུང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ། ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐི། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མཱེ་ལུང་བཅས་མགོ་ཁྲིད་པར་མཇལ་འཕྲད་གནང་རྒྱུ་རེད། ད་ལྟ་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་ཐུག་འཕྲད་དོན་དག་ཐད་ལ་སྔར་ལས་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར། །