མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཁབ14ཡི་གསར་དུ་འགན་ཁུར་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དག་གི་རྒྱལ་ཡིག་དང་ལེན་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས20ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ14ཡི་གསར་དུ་འགན་ཁུར་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དག་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། ཁོ་ཚོ་ནི་ཐན་ཙན་ནི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཡུན་པོ་དང་ཁོ་ལའོ་ཏི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཧཱ་ལའོ་ཝེ་ཆི། ཙན་པི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཁང་ཐི། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སུའུ་ཀིན། ཨ་མེ་རི་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པོ་ཁ་སི་སོགས་རེད།

ཞི་ཅིན་ཕེན་གྱིས་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་རྣམས་ཀྲུང་གོར་ཡོང་ནས་འགན་ནུས་ལག་བསྟར་བྱས་པར་དགའ་བསུ་ཞུས་པར་མ་ཟད། ཁོ་ཚོ་བརྒྱུད་ནས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མི་དམངས་ལ་སེམས་གཏིང་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་དང་། ཁོ་ཚོའི་བྱ་བ་ཐམས་ཅད་བདེ་བླག་ངང་འགྲུབ་སྟེ་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་བར་གྱི་རྒྱུས་ལོན་དང་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུའི་རེ་བ་བཏོན།

རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་དག་གིས་རང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ཀྱིས་ཞི་ཅིན་ཕེན་ལ་བརྩེ་བའི་འཚམས་འདྲི་བྱས་པ་བརྒྱུད་བསྒྲགས་བྱས་པར་མ་ཟད། ཀྲུང་གོ་རྒྱལ་ཁབ་འབྱོར་ཕྱུག་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས། ཁོ་ཚོས་རླབས་ཆེན་གྱི་ཀྲུང་གོ་རྒྱལ་ཁབ་ནས་གཞུང་ཚབ་ཆེན་མོའི་འགན་ནུས་ལག་བསྟར་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པས། མ་འོངས་པ་ན་ང་ཚོ་ཚང་མས་རང་ཉིད་ཀྱི་འགན་ནུས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྔར་ལས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག