མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:15

全国政协召开双周协商座谈会 俞正声主持.jpg

  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་20ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་གནད་དོན་ཐད་ལ་གྲོས་མོལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས20ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་གནད་དོན་ཐད་ལ་གྲོས་མོལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

  བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐང་ཝེ་ཅན་དང་ཧོང་ཨར་མེ། ཝང་མེན། ལིས་ཅན་མེན་སོགས་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན་གྱིས་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། ཨུ་ཡོན་རྣམས་ཀྱིས་གྲོས་གཞི་འདོན་སྐབས་ཡུས་ཀྲིན་ཧྲིན་གྱིས་ཨུ་ཡོན་རྣམས་དང་བསམ་འཆར་བརྗེ་རེས་མཛད་པར་མ་ཟད་ནན་ཏན་སྒོས་ཟིན་བྲིས་བཀོད་ལ། ཚོགས་ར་ཡོངས་སུ་འཆམ་མཐུན་དང་སྤྲོ་དགས་ཁེངས་ཡོད།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དེ་ཉིས་སྟོང་གཉིས་ལོར་གཏན་འཁེལ་བྱས་པ་དང་ལོ་བཅུ་གཉིས་ཀྱི་རིང་ལ་ལག་བསྟར་བྱས་རྗེས། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་འགྲོ་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་ཆེན་པོ་བཏོན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཏུ་གྱུར། ད་ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་སོ་དྲུག་པའི་སྟེང་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་དེ་རིང་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་བཅའ་ཁྲིམས་བཟོ་བཅོས་དེ་ཐེངས་དང་པོར་བཞུགས་མོལ་ཚོགས་འདུའི་གྲོས་དོན་གཙོ་བོར་བཞག་པ་ཡིན་ལ། དེ་ནི་དམངས་གཙོའི་གྲོས་མོལ་གྱི་ནང་དོན་གལ་ཆེན་ཞིག་རེད།

  བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་གིས་གཏམ་བཤད་པ་དང་། རྒྱལ་ཁབ་བདེ་འཇགས་ལྟ་རྟོག་ཅུའུ་ཡི་ཅུའུ་ཀྲང་ཡང་ཏུང་ལེང་གིས་བདེ་འཇགས་ཐོན་སྐྱེད་བྱ་བ་དང་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག