མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-20 10:58

习近平会见新西兰总理约翰·基.jpg

    ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ནེའུ་ཙི་ལན་གྱི་མཉམ་ལས་ལ་གསར་སྐྲུན་རང་བཞིན་དང་དཔེ་སྟོན་རང་བཞིན་ལྡན། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་དུ་འབྲེལ་འདྲིས་དང་འགྲོ་འོང་མང་བ་དང་། ཕྱོགས་གཉིས་ཀར་རྒྱུས་ལོན་དང་མཉམ་ལས་ལ་ཤུགས་སྣོན་པའི་རེ་འདུན་ཆེན་པོ་ཡོད་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད། ནེའུ་ཙི་ལན་གྱི་དཔལ་འབྱོར་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན་པ་དང་ཀྲུང་གོར་ཧ་ཅང་རྒྱ་ཆེ་བའི་ཚོང་ར་ཡོད་པས་རྒྱལ་ཁབ་གཉིས་ཀྱི་བར་དུ་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་ཞིང་ཕྱུགས་ལས་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་ལྷད་མེད་དཔལ་འབྱོར་དང་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན། མཐོ་གསར་ལག་རྩལ་སོགས་ཕྱོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་ཤུགས་བསྣན་ནས་རིག་གནས་དང་སློབ་གསོ། གནས་སྐོར་སོགས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

    ཡོ་ཧན་ཅི་ཡིས་བཤད་རྒྱུར། ནེའུ་ཙི་ལན་ཕྱོགས་ཀྱིས་གནའ་ནས་བཟུང་ཀྲུང་གོའི་ཁེ་ཕན་ལ་བརྩི་འཇོག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་རེ་འདུན་ཆེན་པོ་ཡོད། ཕྱོགས་གཉིས་བར་གྱི་ཉོ་ཚོང་གྲངས་ཀ་དེ་ཉིས་སྟོང་ཉི་ཤུ་ལོར་ནེའུ་ཙི་ལན་གྱི་སྒོར་མོ་ཐེར་ཆེན་གསུམ་དུ་བསླེབ་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བདག་ལ་ཡིད་ཆེས་ཡོད་ཟེར། ཡོ་ཧན་ཅི་ཡིས་ད་དུང་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུར་འབྲེལ་གཏུག་བྱེད་མཚམས་ཆད་པའི་ཐད་ནས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་གིས་འཚོལ་ཞིབ་བྱ་བ་གང་ལེགས་སྒོས་སྒྲུབ་བཞིན་ཡོད་ལ། རེ་བ་ཕྲན་ཙམ་ཡོད་ན་ང་ཚོས་གཏན་ནས་བསྐྱུར་མི་སྲིད་ཅེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག