མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲིམས་ལྟར་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམ་བྱས་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:19

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར་ཁྲིམས་ལྟར་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམ་བྱས་ཡོད་པ་མ་ཟད། བརྡ་ཐོ་བཏང་ནས། ས་གནས་ཁག་དང་ཚན་པ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་ལས་དོན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། འབད་བརྩོན་ཆེན་པོས་ཁྲིམས་ལྟར་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་པའི་མཉམ་ཤུགས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། བསམ་འཆར་ནང་། ཁྲིམས་ལྟར་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་བྱེད་པ་དང་། ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་ལས་དོན་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་པ། ཁྲིམས་འཛིན་ལ་སྤྱི་དམངས་ནས་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཁྲིམས་ལྟར་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་གི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་ལྟར་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་གནད་དོན་ཐག་གཅོད་བྱེད་པའི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་བྱེད་པ་སོགས་ཆ་ཤས་ལྔ་ཚུད་ཡོད་པ་རེད།

    བསམ་འཆར་ནང་། ཞུ་གཏུག་རྒྱག་པ་དང་ཡིག་བསྐུར་ངོ་གཏུག་བྱ་རྒྱུ་ཁ་ཕྲལ་བའི་ལམ་ལུགས་ལག་བསྟར་བྱེད་དགོས། དམངས་དོན་དང་ཚོང་དོན་དང་། སྲིད་འཛིན། ཉེས་དོན་སོགས་ཞུ་གཏུག་ཁེ་དབང་གི་ཡིག་བསྐུར་ངོ་གཏུག་བྱ་དོན་དེ་སྤྱིར་བཏང་གི་ཡིག་བསྐུར་ངོ་གཏུག་སྒྲིག་གཞིའི་ཁྲོད་ལས་ཁ་ཕྲལ་ཏེ། སྲིད་ཁྲིམས་ལས་ཁུངས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་ཞེས་བཏོན་ཡོད་པ་རེད། རིམ་ཁག་ཡིག་བསྐུར་ངོ་གཏུག་ཚན་པས་རང་ཚན་པར་ངོ་གཏུག་བྱེད་པར་ཡོང་མཁན་གྱི་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་བྱེད་མཁན་མང་ཚོགས་ལ། སྲིད་ཁྲིམས་ལས་ཁུངས་ལ་གནད་དོན་སྙན་སེང་ཞུ་བར་སྐྱོད་རྒྱུའི་ཁྲིད་སྟོན་བྱེད་དགོས། གཏན་འབེབས་ལྟར་བདག་གཉེར་བྱས་པའི་སྤྱི་བདེ་ལས་ཁུངས་དང་། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་འབྲེལ་བ་ཡོད་པའི་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་བྱ་དོན་ཐད། མང་ཚོགས་ཀྱི་ཁྲིམས་དང་འབྲེལ་བ་ཡོད་པ་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡི་གེ་འབྱོར་ཚེ། རིམ་པ་གཅིག་པའི་སྲིད་ཁྲིམས་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བརྒྱུད་སྤྲོད་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག