ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་༡༩ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དང་། སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ་ཧོང་མིང་གིས་ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་ངོ་སྤྲོད་གནང་སྐབས། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དེ་མིག་སྔར་བཟོ་བཅོས་སྔར་ལས་ལྷག་པ་རྒྱག་བཞིན་ཡོད་པ་དང་། གང་མགྱོགས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
གང་འདྲ་བྱས་ཏེ་ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུའི་ཐད། ཧོང་མིང་གིས་བསྒྱུར་བཅོས་བྱེད་པའི་གཙོ་གནད་ནི་ཞིང་ལས་མི་འབོར་སྤོ་འགྱུར་བྱ་རྒྱུས་གཙོ་གནད་བྱེད་པ་དང་རྒྱུན་སྡོད་མི་འབོར་གཞན་དག་ལ་མཉམ་དུ་ལྟ་རྟོག་བྱ་རྒྱུ་ཡིན། སྔོན་ལ་གྲོང་ཁྱེར་ལ་སླེབས་ནས་དུས་ཚོད་རིང་པོ་སོང་བ་དང་ལས་ཞུགས་ནུས་པ་ཆེ་བའི་མི་འབོར་གྱི་ཐེམ་ཐོའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཐོན་སློབ་མ། ལག་རྩལ་བཟོ་པ་སོགས་མི་འབོར་ལ་གྲོང་ཁྱེར་དང་གྲོང་བརྡལ་གྱི་ཐེམ་ཐོ་རགས་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།