ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཚེས་༡༩ཉིན་དམངས་འཚོ་འགན་སྲུང་བྱེད་པའི་དཔེ་མཚོན་གྱོད་གཞི་༡༡ཡོངས་བསྒྲགས་བྱས་ཡོད་པ་དང་། དེ་དག་ནི་ས་ཆ་འགན་གཙང་ལེན་པ་དང་བོགས་མར་གཏོང་བ། དངུལ་རྩའི་ཁྲོམ་ར་ཚད་ལྡན་བཟོ་བ། ཁོར་ཡུག་གི་སྤྱི་ཕན་ཞུ་གཏུག ངལ་རྩོལ་རྩོད་གཞི། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་། རིམ་ཁག་ཁྲིམས་ཁང་གིས་བེད་སྤྱོད་བྱེད་པའི་བཅའ་ཁྲིམས་དང་། ཁྲིམས་ཐག་གཅོད་པའི་ཚད་གཞི་གཅིག་སྒྱུར་བཟོ་བར་འཛུབ་ཁྲིད་དོན་སྙིང་ལྡན་ཡོད། གྱོད་གཞི་ལས་མངོན་པར། དངུལ་ཁང་གི་ལས་དོན་མི་སྣས་ཕྱི་ནང་ངན་འབྲེལ་བྱས་ནས་གཏན་འབེབས་ལས་འགལ་ནས་སྐྱེ་ཁ་མཐོ་པོ་སྤྲད་ཏེ་བཅོལ་དངུལ་བསྡུས་པའི་རྐྱེན་གྱིས། བཅོལ་དངུལ་བྱིན་བདག་ལ་གྱོང་གུན་ཕོགས་པར། དངུལ་ཁང་གིས་འགན་འཁྲི་འཁུར་དགོས་པ་མངོན་ཡོད་པ་རེད།