མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲུང་པུས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་གནམ་གྲུ་ཀྲུང་གོའི་མངའ་ཁོངས་ནང་ཡོད་པའི་གནས་ཚུལ་གང་ཡང་རྙེད་མེད་ཅེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:19

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཡང་ཡུད་ཅུན་གྱིས་སྤྱི་ཟླ་༣པའི་ཚེས་༡༩ཉིན། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ས་ཐོག་དང་འབྲེལ་བ་ཆད་རྗེས། རང་རེའི་དམག་གི་རྒྱ་ཆེའི་དཔོན་དམག་ཚོས་འབྲེལ་བ་ཆད་པའི་གནམ་གྲུའི་ཐོག་གི་མི་སྣའི་ནང་མི་དང་གདུང་སེམས་མཉམ་སྐྱེས་བྱེད་པ་དང་། སྤུན་ཟླའི་བདེ་འཇགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཡོད། མཚོ་དམག་དང་མཁའ་དམག་གིས་དཔུང་སྡེས་དུས་ཐོག་ཏུ་འབྲེལ་ཡོད་མཚོ་ཁོངས་སུ་འཚོལ་སྐྱོབ་ལས་དོན་སྤེལ་བར་སྐྱོད་ཡོད། མ་ལེ་ཞི་ཡའི་ཕྱོགས་ནས་འཚོལ་ཞིབ་གནས་ཚུལ་གསར་པ་ཡོངས་བསྒྲགས་བྱས་རྗེས། རང་རེའི་དམག་གིས་འཕྲལ་དུ་ལི་ཏ་དང་། སྲུང་སྐར་སོགས་ཆེད་ལས་སྒྲིག་ཆས་བེད་སྤྱད་ནས་སྐམ་སའི་ཐོག་གི་འབྲེལ་ཡོད་ས་ཁོངས་ལ་ཞིབ་བཤེར་བྱས་ཡོད་པ་མ་ཟད། ཤེས་རྟོགས་བྱུང་བའི་གྲངས་གཞི་དང་དེ་སྔའི་ཟིན་ཐོའི་ཡིག་ཆར་དབྱེ་ཞིབ་ནན་པོ་བྱས་ཡོད། མིག་སྔའི་བར་སླེབས་སྐབས། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་གནམ་གྲུ་ཀྲུང་གོའི་ས་ཁོངས་ནང་ཡོད་པའི་གནས་ཚུལ་གང་ཡང་རྙེད་མེད། གོམ་སྟོབས་རྗེས་མར། ང་ཚོས་མ་ལེ་ཞི་ཡས་འཁོ་འདོན་བྱས་པའི་ཆ་འཕྲིན་གསར་ཤོས་ལ་གཞིགས་ནས། དུས་མཚམས་གོང་མའི་འཚོལ་སྐྱོབ་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་། ཞིབ་འཇུག་བྱས་ནས་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ། འཚོལ་སྐྱོབ་ཇུས་གཞི་བཟོ་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མུ་མཐུད་ནས་འཚོལ་སྐྱོབ་ལས་དོན་སྤེལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག