མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོར་མི་འབོར་ས་ཡ་གཅིག་ལྷག་ཡོད་པའི་གྲོང་ཁྱེར་༡༤༢ཡོད་པ་དང་། གྲོང་ཁྱེར་༦གི་མི་འབོར་བྱེ་བ་གཅིག་ལྷག་ཡོད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:44

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པའི་འཆར་འགོད་ཅེས་པ་ཉིན་ཤས་གོང་དངོས་སུ་ཡོངས་བསྒྲགས་བྱས་ཡོད་པ་དང་། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུལ་ཞན་ཕིང་གིས་སྤྱི་ཚེས་༡༩ཉིན་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པའི་སྐོར་གླེང་སྐབས། ད་ལྟ་རང་རྒྱལ་དུ་མི་འབོར་ས་ཡ་གཅིག་ཡན་ཡོད་པའི་གྲོང་ཁྱེར་༡༤༢ཡོད་པ་དང་། དེའི་ནང་མི་འབོར་བྱེ་བ་གཅིག་ཡན་ཡོད་པའི་གྲོང་ཁྱེར་༦ཡོད་ཅེས་བསྟན་འདུག

    ཞུལ་ཤན་ཕིང་གིས་གྲོང་ཁྱེར་ཆེན་པོ་ཁག་ཅིག་གི་མི་འབོར་གཞི་ཁྱོན་དང་ཕྱོགས་བསྡུས་ཐེག་ནུས་ཀྱི་འགལ་ཟླ་ཆེ་རུ་འགྲོ་གི་ཡོད་པས་ནུས་ལྡན་གྱི་ཚོད་འཛིན་སྙོམས་སྒྲིག་བྱེད་དགོས། འཆར་འགོད་ནང་། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་དང་ཆ་འཕྲིན་དྲ་བ་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་དང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་བྱ་ཡུལ་གྱིས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱབ་པ་བརྒྱུད། གྲོང་ཁྱེར་ཆེན་པོ་ཁག་ཅིག་གི་དཔལ་འབྱོར་ནུས་པ་དང་ནུས་པ་གཞན་དག་འོས་འཚམ་ངང་ཁ་བཀྲམ་དགོས་པ་དང་། གྲོང་ཁྱེར་འབྲིང་ཆུང་དང་གྲོང་བརྡལ་ཆུང་བར་དཔལ་འབྱོར་དང་མི་འབོར་ནུས་པ་གཅིག་བསྡུས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ཞེས་འཁོད་ཡོད། ལྟེ་བའི་གྲོང་ཁྱེར་གྱི་འགྱེད་འཕྲོས་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་ཆབས་ཅིག གྲོང་ཁྱེར་འབྲིང་ཆུང་གི་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་དང་། གཙོ་གནད་ཐོག་གྲོང་ཁྱེར་དང་གྲོང་བརྡལ་ཆུང་བ་གོང་འཕེལ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག