མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་ཨོ་སི་ཁྲི་ལི་ཡའི་ཉོ་ཚོང་རོགས་པའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:44

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོའི་བཟོ་ཚོང་ལས་རིགས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་ཀྲུའུ་ཞི་ཏེང་ཁན་ཁོར་དེས་ཉེ་ཆར་ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོའི་བཟོ་ཚོང་ལས་རིགས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་ཐོག ཨོ་སི་ཁྲི་ལི་ཡས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་མ་འཇོག་བྱེད་མཁན་ལ་འདྲ་མཉམ་དང་། སྤུས་ཚད་མཐོ་བའི་འགྲན་རྩོད་ཁོར་ཡུག་བསྐྲུན་ནས། རང་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནང་ཐག་གཅོད་བྱེད་དགོས་ངེས་ཀྱི་མ་དངུལ་མི་འདང་བའི་གནད་དོན་ཞི་ལྷོད་དུ་གཏོང་དགོས་པའི་རེ་འབོད་གནང་འདུག

    ཚོགས་ཞུགས་བཟོ་ཚོང་ལས་རིགས་མི་སྣས་ཀྲུང་གོའི་བར་དེ་བས་དམ་ཟབ་ཀྱི་འབྲེལ་བ་གོང་འཕེལ་བཏང་ཚེ་ཨོ་སི་ཁྲི་ལི་ཡར་གོ་སྐབས་རག་སྲིད། དེར་བརྟེན་ཨོ་སི་ཁྲི་ལི་ཡ་སྲིད་གཞུང་གིས་མ་འཇོག་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་པ་དང་། མ་འཇོག་དེ་བས་སྟབས་བདེ་བ་དང་། ལས་སླ་རུ་གཏོང་དགོས་པའི་ངོས་འཛིན་བྱས་འདུག

    མིག་སྔར་ཀྲུང་གོ་དེ་ཨོ་སི་ཁྲི་ལི་ཡའི་ཉོ་ཚོང་རོགས་པའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག