མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁག་དང་པོའི་སྤྱི་ཚོགས་ལས་དོན་གྱི་སྣེ་ཁྲིད་འཇོན་ཐང་ཅན་འདེམས་རྒྱུ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:44

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་སྤྱི་ཟླ་༣པའི་ཚེས་༡༨ཉིན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལས་དོན་ཉིན་མོ་བརྒྱད་པ་དེ་རེད། དམངས་སྲིད་པུའུ་ཡིས་སྤྱི་ཚེས་༡༨ཉིན་པེ་ཅིན་དུ་སྤྱི་ལོ༢༠༡༤ལོའི་རྒྱལ་སྤྱིའི་སྤྱི་ཚོགས་ལས་དོན་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་མ་ཟད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་སྣེ་ཁྲིད་མི་སྣ་ཁག་དང་པོ་འདེམས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁག་དང་པོའི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་སྣེ་ཁྲིད་འཇོན་ཐང་ཅན་འདེམས་པའི་ཁ་ཕྱོགས་ནི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་ཁུལ་དང་། སྤྱི་ཕན་བྱ་གཞག་ཚན་པ། སྤྱི་ཚོགས་སྒྲིག་འཛུགས་བཅས་ནང་གི་སྤྱི་ཚོགས་ལས་དོན་དོ་དམ་དང་ཞབས་ཞུ་བྱེད་མཁན་ཁྲོད་ནས། གྲུབ་འབྲས་གཟེངས་སུ་ཐོན་པ་དང་། ལས་རིགས་དེའི་ནང་ཤུགས་རྐྱེན་ངེས་ཅན་ལྡན་པ་དག་ཡིན་པ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་དོན་གྱིས་སྤྱི་ཚོགས་འཛུགས་བསྐྲུན་གྱི་གནས་བབ་ཧྲིལ་པོ་དང་། གཞི་རིམ་དམངས་འཚོའི་དགོས་མཁོ་སྐོང་རྒྱུ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ཆེད་ལས་ནུས་པ་སྔར་ལས་ལྷག་པ་འདོན་ཐུབ་ཆེད་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག