མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་པ་ལས་མིར་གྲོང་ཁྱེར་ནང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:44

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཡང་ཀྲེ་མིང་གིས་སྤྱི་ཚེས་༡༩ཉིན། ཀྲུང་གོར་མིག་སྔར་ཞིང་པ་ལས་མི་དུང་ཕྱུར་གཉིས་དང་བྱེ་བ་དྲུག་དང་ས་ཡ་དགུ་ཡོད་པ་དང་། ཞིང་པ་ལས་མིས་ལན་ཆ་དྲག་པོ་བྱེད་པའི་གནད་དོན་ཐག་གཅོད་བྱེད་སྐབས། འཆར་གཞི་ལྟར་ཡུལ་བབ་དང་བསྟུན་པ་དང་། གོམ་སྟབས་དབྱེ་ནས་སྐུལ་འདེད་གཏོང་དགོས་པ་དང་། ཞིང་པ་ལས་མི་དེ་བས་མང་བ་གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་བསྒྱུར་གྱིས། གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་དགོས་པ་དང་། ཐེམ་ཐོ་མ་བསྒྱུར་བ་དག་ལའང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུ་ཡོང་བ་བྱ་དགོས་ཞེས་གསུངས་འདུག

    ཡང་ཀྲེ་མིང་གིས་ཀྲུང་གོར་མིག་སྔར་ཞིང་པ་ལས་མི་དུང་ཕྱུར་གཉིས་དང་བྱེ་བ་དྲུག་དང་ས་ཡ་དགུ་ཡོད་པ་དང་། ཞིང་པ་ལས་མིར་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དང་ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བར་འབྲེལ་བ་དམ་ཟབ་ཡོད་ཅེས་གསུངས་འདུག

    ཡང་ཀྲེ་མིང་གིས་སྲིད་གཞུང་དང་། ཁེ་ལས། ཞིང་པ་ལས་མི་བཅས་ནས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་བརྒྱུད། དེང་གི་དུས་མཚམས་འདིར་རང་རྒྱལ་གྱིས་གཞི་རྩའི་འགྱུར་ལྡོག་གཉིས་གཏོང་ཐུབ་པ་དགོས་ཏེ། གཅིག་ནི་ཞིང་པ་ལས་མི་མང་ཆེ་བ་དེང་རབས་ཐོན་ལས་ཀྱི་ལག་ཤེས་བཟོ་པར་འགྱུར་བ་བྱ་དགོས་པ་དང་། གཉིས་པ་ནི་ཆ་རྐྱེན་ཡོད་པ་དང་མོས་མཐུན་ཡོད་པའི་ཞིང་པ་ལས་མི་རྣམས་གྲོང་ཁྱེར་གྱི་གྲོང་མི་གསར་པར་འགྱུར་བ་བྱ་རྒྱུ་དེ་རེད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག