མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་གིས་ལན་ཁོ་རྫོང་དུ་རྟོག་ཞིབ་གནང་སྐབས་ཅའོ་ཡུས་ལུའོ་སྙིང་སྟོབས་ནི་དུས་ནམ་ཡང་གནས་པ་ཞིག་ཡིན་ཞེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:44

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༧ཉིན་ཁོང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ཁྲོད་ཀྱི་འབྲེལ་གཏུག་གནང་ས་སྟེ་ཧ་ནན་ལན་ཁོ་རྫོང་དུ་ཕེབས་ཡོད་པ་རེད།

    ལན་ཁོ་རྫོང་ནི་རྫོད་ཨུད་ཧྲུའུ་ཅིའི་མིག་དཔེ་ ཅའོ་ཡུས་ལུའོ་ཡིས་ཕྱག་ལས་གནང་མྱོང་སའི་ས་ཆ་ཞིག་རེད། རླངས་འཁོར་ནས་བབས་མ་ཐག ཞི་ཅིན་ཕིང་གིས་ཐད་ཀར་བློ་མཐུན་ཅའོ་ཡུས་ལུའོ་དྲན་གསོ་ཁང་དུ་ཕེབས་ཡོད། གཟིགས་སྐོར་གནང་བའི་བརྒྱུད་རིམ་ནང་། ཞི་ཅིན་ཕིང་གིས་འབྲེལ་བཤད་ནན་ཏན་ངང་གསན་ཡོད་པ་རེད།

    ཞི་ཅིན་ཕིང་གིས་དྲན་གསོ་ཁང་དུ་ཅའོ་ཡུས་ལུའོ་བུ་ཕྲུག་ལྔ་དང་ས་གནས་དེ་གའི་ ཅའོ་ཡུས་ལུའོ་དང་འདྲ་བའི་ལས་བྱེད་པ་བཟང་པོ་ཁག་གཅིག་དང་མཇལ་འཛོམས་གནང་ཡོད།

    ཁོང་གིས་མ་གཞི་ཅའོ་ཡུས་ལུའོ་སྐུ་གཤེགས་ནས་ལོ་༥༠འགྲོ་གི་ཡོད། འོན་ཀྱང་ཅའོ་ཡུས་ལུའོ་སྙིང་སྟོབས་ནི་དུས་ནམ་ཡང་གནས་པ་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་ནས་མུ་མཐུད་ནས་ཅའོ་ཡུས་ལུའོ་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་ཅེས་གསུངས་ཡོད་པ་རེད།

    ཕྱི་དྲོ་ཞི་ཅིན་ཕིང་གིས་ལན་ཁོ་རྫོང་གི་དམངས་ལ་ཞབས་ཞུ་བྱེད་སའི་ལྟེ་གནས་སུ་ཕེབས་ཡོད།

    ཁོང་གིས་ད་ལྟ་ཞབས་ཞུའི་ལྟེ་གནས་མང་པོ་ཡོད། འགག་རྩ་ནི་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཆེས་རྩ་བའི་གནད་དོན་ནི་ཅའོ་ཡུས་ལུའོ་དང་འདྲ་བར་མི་དམངས་ལ་ཞབས་ཞུ་བྱེད་པའི་བསམ་བློ་ཞིག་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

    ཉིན་དེ་གར། ཞི་ཅིན་ཕིང་གིས་ད་དུང་ལན་ཁོ་རྫོང་ཏུང་པ་ཐུ་ཤང་ཀྲང་ཀྲོང་གྲོང་ཚོར་ཕེབས་ཡོད་པ་དང་། གྲོང་མིའི་ཁྱིམ་དུ་སྐྱོད་ནས། ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་གནང་ཡོད་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད་པ་རེད།

    ཉི་མ་བཞུད་སྐབས། ཞི་ཅིན་ཕིང་གིས་རྨ་ཆུའི་ལན་ཁོའི་ཏུང་པ་ཐུའི་མཚམས་སུ་ཕེབས་ཡོད་པ་དང་། ས་གནས་ཀྱི་ལས་བྱེད་པར་རྨ་ཆུའི་འབྲུབ་འགོག་གནས་ཚུལ་བཀའ་འདྲི་གནང་ནས། རྨ་ཆུའི་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གནང་ཡོད།

    ས་རུབ་པ་དང་། ཞི་ཅིན་ཕིང་གིས་ཅའོ་ཡུས་ལུའོ་ལས་བྱེད་པའི་སློབ་གླིང་དུ་ཕེབས་ནས་ལན་ཁོ་རྫོང་གི་གཞི་རིམ་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་སྦྱོང་བརྡར་འཛན་གྲྭའི་སློབ་མ་དང་བཞུགས་མོལ་གནང་ཡོད། ཁོང་གིས་ ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ཀྱིས་མི་རབས་གཅིག་ལ་ཤུགས་རྐྱེན་ཐེབས་ཡོད། ང་ཚོས་ཅའོ་ཡུས་ལུའོ་གང་འདྲ་གནང་མིན་ལ་བལྟས་ནས། ཁོང་ལ་སློབ་སྦྱོང་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་བརྡལ་ཅན། ཆ་འཕྲིན་ཅན། ཞིང་ལས་དེང་དུས་ཅན་བཅས་དུས་གཅིག་ཏུ་སྤེལ་བ་དང་། ཕན་ཚུན་གཞོགས་འདེགས་བྱེད་དགོས་པ་དང་། ཞིང་ལས་དེང་དུས་ཅན་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་རྗེས་སུ་རྩ་བ་ནས་ལུད་རྒྱུ་མེད། གལ་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་མི་བྱེད་པ་དང་། ཞིང་ལས་དེང་དུས་ཅན་འཛུགས་སྐྲུན་ཡག་པོ་མ་བྱས་ཚེ། དེང་རབས་ཅན་ལ་འགྱུར་བའི་བྱ་གཞག་ལ་སྐྱོན་ཆ་ལྡན་ཡོད་ལ། ཁྱོན་ཡོངས་འབྱོར་འབྲིང་གི་ཚད་གཞིའང་ལོན་མེད་ཅེས་གསུངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག