མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགོ་འཛིན་ཀྲའོ་ཧྲུས་ཚུང་གིས་སྤྱི་ལོ་༢༠༡༤ལོའི་ནགས་ལས་སྒྱུར་བཅོས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད་ཅེས་བཤད་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 09:44

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༡༩ཉིན་གྱི་སྔ་དྲོ་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་པེ་ཅིང་དུ་ནགས་ལས་སྒྱུར་བཅོས་སྐོར་གྱི་གྲོས་ཚོགས་འཚོགས་ཡོད་པ་རེད། རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགོ་འཛིན་ཀྲའོ་ཧྲུས་ཚུང་གིས་སྤྱི་ལོ་༢༠༡༤ལོའི་ནགས་ལས་སྒྱུར་བཅོས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། དེས་སྐྱེ་ཁམས་ནགས་ལས་དང་ད་དུང་དམངས་འཚོའི་ནགས་ལས་འཛུགས་སྐྱོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་འབྱིན་རྒྱུ་རེད་ཅེས་གསུངས་འདུག

    མིག་སྔར་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ནས་གཞུང་ལ་དབང་བའི་ནགས་ར་སྒྱུར་བཅོས་བྱ་ཐབས་གང་མགྱོགས་གཏན་འཁེལ་བྱེད་བཞིན་ཡོད། གཙོ་གནད་ནི་གཞུང་ལ་དབང་བའི་ནགས་རའི་སྐྱེ་ཁམས་སྤྱི་ཕན་སྒྲིག་གཞི་གཏན་འཁེལ་བྱ་རྒྱུ་དང་གཞུང་ལ་དབང་བའི་ནགས་ར་སྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་དེར་རྒྱབ་སྐྱོར་བྱེད་རྒྱུ་དེ་རེད། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་སྤྱི་ལོ་༢༠༡༤ལོར་ཤིང་གི་སྣུམ་རྒྱུ་དང་ཁྱད་ལྡན་དཔལ་འབྱོར་ནགས་ཚལ། མེ་ཏོ་དང་ཤིང་སོན། སྨྱུག་ཚལ། ནགས་ལས་དཔལ་འབྱོར་སོགས་སྔོ་ལྗང་གི་དམངས་ཕྱུག་ཐོན་ལས་བཅས་ཀྱང་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། སྐྱེ་ཁམས་རྒྱུ་ཆ་དང་སྐྱེ་ཁམས་སྨན་བཟོ་བཅས་གསར་དར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག