མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད། དབུ་བཞུགས་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་མཁན་སཱ་ལེ་མན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 11:05

ཟླ3པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་མོའི་ནང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད། དབུ་བཞུགས་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་མཁན་སཱ་ལེ་མན་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་མོའི་ནང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད། དབུ་བཞུགས་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་མཁན་སཱ་ལེ་མན་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་སོ་ཏི་ཨ་རབ་ཕྱོགས་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱས་པ་དང་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས། ཀྲུང་གོས་སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱས་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ནུས་ཁུངས་མཉམ་ལས་གཙོར་བཟུང་སྟེ་མཁའ་སྐྱོད་དང་ནུས་ཁུངས་གསར་བ་སོགས་མཐོ་གསར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ཅིང་སྔར་ལས་དམ་པའི་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་མཚོ་ཐོག་མཉམ་ལས་ཚོགས་པའི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ལ་མྱུར་དུ་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། འགོག་སྲུང་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་ངེས་ཡིན་ཟེར།

སཱ་ལེ་མན་གྱིས་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་ཏུང་མཚོ་ཁུག་ས་ཁུལ་གྱི་གནད་དོན་ཐད་ལ་འཛིན་པའི་ལྟ་ཚུལ་དང་ལངས་ཕྱོགས་མཚམས་སྦྱོར་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་སི་རི་ཡ་སོགས་ཀྱི་གནད་དོན་སྔ་མོ་ནས་ཐག་གཅོད་པ་དང་། ཀྲུང་ཏུང་མཚོ་ཁུག་ས་ཁུལ་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུའི་རེ་བ་བཏོན། ཁོས་བཤད་རྒྱུར། སོ་ཏི་ཨ་རབ་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་ས་གནས་རང་གི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག