མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་བྱེད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 11:05

ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བའི་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་མི་སྣ་དང་ལས་བྱེད་པར་མཇལ་འཕྲད་གནང་བར་མ་ཟད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་མཛད་དེ་ཚོགས་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་བྱེད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས12ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཆེན་མོའི་ནང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བའི་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་མི་སྣ་དང་ལས་བྱེད་པར་མཇལ་འཕྲད་གནང་བར་མ་ཟད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་མཛད་དེ་ཚོགས་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་བྱེད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། ད་ལོའི་ཚོགས་ཆེན་དང་འབྲེལ་བའི་གསར་འགྱུར་དྲིལ་སྒྲོག་གི་བརྗོད་དོན་གསལ་ཞིང་རྣམ་པ་ཕུན་སུམ་ཚོགས་ལ་ཤན་ཤུགས་ཧ་ཅང་ཆེ་བས། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྙིང་སྟོབས་འབུར་ཐོན་སྒོས་མཚོན་པར་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པའི་ཐུན་མོང་གི་རེ་འདུན་དང་རླབས་ཆེན་ལག་ལེན་མངོན་འགྱུར་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་རང་བཞིན་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཚོགས་ཆེན་བདེ་བླག་ངང་ཚོགས་པར་སྟོབས་དང་ལྡན་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཟེར།

ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུ་ཡས་མས་སུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་བ་གྲོལ་རྗེས་ཀྲང་ཏི་ཅང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ། ཝང་ཁྲིན་བཅས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཀོད་སྒྲིག་བྱས་ཡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གྲོས་ཚོགས་གཉིས་ཀྱི་གསར་འགྱུར་དྲིལ་སྒྲོག་ལྟེ་གནས་ལ་ཕེབས་ནས་བཅར་འདྲི་རྩོམ་སྒྲིག་པ་དང་ལག་རྩལ་མི་སྣ་ཡོངས་ལ་འཚམས་འདྲི་བྱས་པར་མ་ཟད། གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་རེ་རེ་བཞིན་ལག་འཇུ་བྱས་ཏེ་བརྩེ་བའི་འཚམས་འདྲི་མཛད་པ་དང་། ཞིན་ཧྭ་གསར་འགྱུར་ཁང་གིས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་ཕྱོགས་བསྡུས་དྲིལ་སྒྲོག་དང་ཞིན་ཧྭ་གསར་འགྱུར་དྲ་བའི་ཆེད་སྒྲིག་དྲིལ་སྒྲོག་ཐད་ཀྱི་འགྲེམ་སྟོན་ལ་བལྟས། དེའི་རྗེས་སུ་ཀྲང་ཏི་ཅང་སོགས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཚགས་པར། དཔལ་འབྱོར་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ཁང་། ཀྲུང་གོའི་ཚགས་པར། ཁྲིམས་ལུགས་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་སོགས་ཀྱི་འགན་ཁུར་བ་དང་བྱ་བ་སྒྲུབ་མཁན་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་དང་སྙིང་ཉེ་བའི་གླེང་མོལ་མཛད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག