མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གནས་ཚུལ་དྲིལ་སྒྲོག་བྱེད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་འཚམས་འདྲི་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-13 10:43

ཚེས12ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་གི་བྱ་བར་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ལ་མཇལ་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས12ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་གི་བྱ་བར་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད། ཚོགས་ཆེན་གྱི་དྲིལ་སྒྲོག་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་རྗེས་ཀྱི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་ཡུས་ཀྲིན་ཧྲིན་ཧུའུ་ནན་ཚོམས་ཁང་དུ་ཕེབས་ནས་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཚགས་པར། དཔལ་འབྱོར་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། ཀྲུང་གོ་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན་དང་རྩོམ་སྒྲིག་པ། གསར་འགོད་པ་བཅས་ཀྱི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད། ཚང་མར་རེ་རེ་བཞིན་ཕྱག་འཇུ་གནང་ནས་ཐེངས་འདིའི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཁས་ལེན་གང་ལེགས་བྱས།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། གསར་འགྱུར་སྨྱན་བྱད་ནི་མི་དམངས་སྲིད་གྲོས་དང་རྒྱ་ཆེའི་མི་དམངས་མང་ཚོགས་བར་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུ་ཡིན། ཀྲུང་དབྱང་གསར་འགྱུར་སྡེ་ཁག་ནི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དྲིལ་སྒྲོག་བྱེད་པའི་གཡུལ་ས་གཙོ་བོ་དང་བགྲོད་ལམ་གཙོ་བོ། གཙོ་ཤུགས་དམག་དཔུང་ལྟ་བུ་ཡིན་པའི་ཆ་ནས་ཚོགས་ཆེན་གྱི་གནས་ཚུལ་དུས་ལྟར་གོ་རིམ་ཡོད་པ་དང་ཡང་དག་པའི་སྒོ་ནས་དྲིལ་སྒྲོག་བྱེད་པར་ཁག་ཐེག་བྱས། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱིས་ཀྲུང་དབྱང་གི་དྲིལ་སྒྲོག་བྱ་བའི་བྱེད་ཕྱོགས་དང་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་མི་དམངས་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་དོན་དངོས་དྲིལ་སྒྲོག་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་གཙོ་གནད་དུ་བཟུང་སྟེ། མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་རྒྱ་ཁྱབ་སྒོས་དྲིལ་སྒྲོག་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་གྲོས་མོལ་ལ་ཡར་སྐུལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག