མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 10:59

ཚེས11ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚེས11ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གཏན་འཁེལ་འཆར་ཟིན་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཐོག་ནས་གོང་གི་འཆར་ཟིན་དག་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་བསྡུ་བའི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་མཇུག་བསྡུའི་ཚོགས་ཆེན་ལ་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་གཏན་འཁེལ་བྱས།

ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་པ་དང་། གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་སོ་སོའི་གྲོས་ཚོགས་གནས་ཚུལ་གྱི་སྤྱི་བསྡོམས་ཡར་ཞུ་ལ་ཉན་པར་མ་ཟད། སྙན་ཞུ་དང་གཏན་འཁེལ་འཆར་ཟིན་སོ་སོར་གྲོས་ཞིབ་བྱས།

སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་སྔོན་ལ་གཏན་འཁེལ་བྱས་པའི་གྲོས་རིམ་བཀོད་སྒྲིག་དང་ཉིན་རིམ་བཀོད་སྒྲིག་ལྟར་དུ་གོ་རིམ་ཡོད་པ་དང་བདེ་བླག་ངང་སྤེལ་བཞིན་ཡོད། ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་སྙན་ཞུ། སྲིད་གྲོས་ཚོགས་ཆེན་གྱི་གཏན་འཁེལ་འཆར་ཟིན་སྣ་ཚོགས་ལ་ནན་ཏན་གྱིས་གྲོས་ཞིབ་བྱས་ཏེ། སྐབས་བཅུ་གཉིས་པའི་སྲིད་གྲོས་མགོ་བརྩམས་པའི་ཚུན་ལ་རིགས་སྣ་ཚོགས་ཀྱི་བྱ་བའི་ཐད་ནས་བླངས་པའི་འཕེལ་རིམ་གསར་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། མི་དམངས་སྲིད་གྲོས་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་རིན་ཐང་བྲལ་བའི་བསམ་འཆར་དང་གྲོས་གཞི་མང་བོ་བཏོན། ཨུ་ཡོན་རྣམས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་བཅས་ཀྱི་བྱ་བའི་སྙན་ཞུ་སོགས་འབྲེལ་ཡོད་སྙན་ཞུ་གཞན་དག་ལ་གྲོས་བསྡུར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམ་པོར་དམིགས་ཏེ་ལག་ལེན་མཐར་ཕྱིན་བྱེད་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་གཏན་འཇགས་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བ། འགན་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་གནད་དོན་གལ་ཆེན་གཙོ་བོར་བཟུང་ནས་ནན་ཏན་གྱིས་གྲོས་བསྡུར་བྱེད་པ་དང་བློ་འདོན་ཇུས་འབུལ་བྱས་ཏེ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ལིན་ཅི་ཧྭ། ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧུ་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥུན། སུའུ་རོང་། ཁྲིན་ཡོན། ལུའུ་ཀྲན་ཀུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲུན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥུན། ཝང་ཆན་མེན་བཅས་གྲོས་ཚོགས་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག