མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ལ་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཏེ་ཚེས་བདུན་ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་བུད་མེད་འཐུས་མི་རྣམས་ཀྱི་ཁྲོད་དུ་ཕེབས་ནས། ཁོ་མོ་ཚོ་དང་མཉམ་དུ་བརྗེ་རེས་མཛད་པ་མ་ཟད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་ཀྱི་ལས་རིགས་སོ་སོའི་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་ཚེས་བདུན་ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

 རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཏེ་ཚེས་བདུན་ཉིན་ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། བུད་མེད་འཐུས་མི་དང་། ཨུ་ཡོན། རྒྱལ་ཡོངས་ཀྱི་ལས་རིགས་སོ་སོའི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཀོས་ཀྲིག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་ཞོར་དང་ཟིན་བྲིས་འདེབས་ཞོར་དུ། གནས་ཚུལ་ཞིབ་འདྲི་མཛད་པ་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་མཛད། ཞི་ཅིན་ཕེན་གྱིས་ཀོས་ཀྲིག་ཞིང་ཆེན་གྱི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་མཛད་རྗེས་བསྟན་དོན། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་སྐྲུན་བྱས་ནས། གསར་གཏོད་ཀྱི་ཁྱད་སྟོབས་འདོན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་རྒྱུ་ནི་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མངོན་འགྱུར་བྱེད་པའི་རེ་བ་ཆེན་པོ་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པའི་རྩ་དོན་གལ་ཆེན་ཡང་ཡིན་པས། ཡང་དག་པའི་འཕེལ་རྒྱས་བསམ་ཕྱོགས་ཆགས་པར་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་པའི་འཕེལ་རྒྱས་ཀྱི་ཐོན་ལས་འདེམ་ནས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་སོགས་མཉམ་དུ་བརྩོན་ལེན་བྱེད་དགོས། མང་ཚོགས་འབྱོར་ཕྱུག་ལྡན་པ་དང་སྐྱེ་ཁམས་མཛེས་སྡུག་ལྡན་པ་གཉིས་ནུས་ལྡན་གྱི་སྒོ་ནས་གཅིག་གྱུར་བྱེད་དགོས། དབུལ་སྐྱོར་གསར་སྤེལ་བྱ་བར་ཡར་སྐུལ་བྱེད་དགོས་པ་དང་། དབུལ་སྐྱོར་གསར་སྤེལ་བྱ་བ་དམ་འཛིན་ཡང་ཡང་བྱས་ནས་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ལ་རྒྱུན་ཆད་མེད་པར་ཕན་ཁེ་བསྐྲུན་དགོས་ཟེར། ལིས་ཁི་ཆང་སོ་སོར་ཡུན་ནན་དང་། ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཚང་མ་དང་མཉམ་དུ་བརྗེ་རེས་དང་གྲོས་བསྡུར་མཛད། ཁོང་གིས་གསུངས་རྒྱུར། ཡུན་ནན་གྱི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་ཅུང་བཟང་ཞིང་། ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ན་ལྗང་བསྒྱུར་བྱ་བར་དམ་འཛིན་བྱས་ནས། འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱེད་པའི་བྱ་བ་འབུར་དུ་ཐོན་པར་བྱེད་དགོས་ཤིང་། སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་བཏང་ནས། ཁྱད་ཆོས་ཐོན་ལས་ཀྱི་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཟེར། ལིས་ཁི་ཆང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་ཚང་མ་དང་མཉམ་དུ་བརྗེ་རེས་དང་གྲོས་བསྡུར་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཧྲན་ཞི་ནི་ནུས་ཁུངས་ཐོན་ཁུངས་ཀྱི་རྟེན་གཞི་གཙོ་བོ་ཞིག་ཡིན་པས། འཚོལ་ཞིབ་བྱེད་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པར་བྱས་ནས། དཔལ་འབྱོར་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བའི་རིམ་པའི་ཐད་ནས་ཉམས་མྱོང་གསར་བ་གསར་གཏོད་བྱེད་དགོས། གཅིག་ནས་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་སྒུལ་ཤུགས་སུ་བརྩིས་ནས། དཔལ་འབྱོར་གྱི་རྣམ་པ་བསྒྱུར་བའི་བྱ་བར་ཡར་སྐུལ་བྱེད་དགོས། གཉིས་ནས་ཁྱད་ཆོས་ཐོན་ལས་རྒྱབ་རྟེན་བྱས་ནས། འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་སྐྲུན་བྱེད་དགོས། གསུམ་ནས་ཁང་རྙིང་བསྒྱུར་བཀོད་བྱེད་པ་ནས་མགོ་བཟུང་སྟེ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བར་འགན་སྲུང་བྱེད་དགོས་ཟེར། ཀྲང་ཏི་ཅང་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲང་ཏི་ཅང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། མི་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་བདེ་སྐྱིད་ལྡན་པར་བྱེད་པ་དེ་ང་ཚོའི་འབད་འཐབ་དམིགས་འབེན་དུ་བཞག་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བོས་མི་དམངས་ཡོངས་ལ་ཁེ་ཕན་བསྐྲུན་དགོས་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ་དེ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་འགན་གལ་ཆེན་ཏུ་བརྩིས་ཏེ། གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། མི་དམངས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་དང་ཆེས་འབུར་དུ་ཐོན་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས་པ་དང་། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་དགོས་པར་མ་ཟད། མང་ཚོགས་ལ་ཁས་བླངས་པའི་བྱ་བ་ཡོད་ཚད་དུས་ལྟར་སྒྲུབ་ནས་གྲུབ་འབྲས་བཟང་བོ་ཐོབ་ཏུ་འཇུག་དགོས་ཟེར།

 ཡུས་ཀྲིན་ཧྲིན་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཡུས་ཀྲིན་ཧྲིན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཞིན་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་ཞིན་ཅང་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་པ་དང་། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ནུས་པ་ཇེ་ཆེར་བཏང་སྟེ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་ཆགས་པར་བྱེད་པ་དང་མོས་མཐུན་བཞིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། དྲག་ཤུགས་འཇིགས་སྐུལ་ཉེས་ཅན་ནི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས། རིགས་སོ་སོའི་མི་དམངས་ལ་བརྟེན་དགོས་པ་དང་ཁྲིམས་ལྟར་དྲག་ཤུགས་འཇིགས་སྐུལ་ཉེས་ཅན་ལ་རྡུང་རྡེག་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་ཟེར།

 ལིག་ཡུན་ཧྲན་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལིག་ཡུན་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ད་ལོའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་བཅོས་སྒྱུར་ལ་ཡིད་འཇོག་བྱེད་པ་དང་བཅོས་སྒྱུར་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅིང་། བཅོས་སྒྱུར་དེ་ད་ལོའི་ཚོགས་ཆེན་གཉིས་ཀྱི་བརྗོད་དོན་གཙོ་བོར་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅིན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དེ་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་མཐོར་དགོས། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བ་དང་མི་དམངས་བདེ་སྐྱིད་ཡོང་བར་ཡིད་འཇོག་ཆེན་པོ་བྱས་ཏེ། མི་དམངས་མང་ཚོགས་ལ་ཐད་ཀར་དུ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་ཡིན་པའི་སྒོ་ནས་མི་དམངས་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར། ལིག་ཡུན་ཧྲན་གྱིས་ཅང་སུའུ་ཞིང་ཆེན་གྱིས་ཕྱོགས་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཅང་སུའུ་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས་དཔེ་སྟོན་གཉིས་ཀྱི་ཁྱད་ཆོས་གསར་བ་ཆགས་པར་བྱེད་དགོས་པའི་ཐུགས་རེ་བཏོན། ཝང་ཆི་ཧྲན་ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཝང་ཆི་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་ལས་འགན་གཙོ་བོ་ཕྱོགས་གཅིག་ཏུ་བསྡུས་ནས་འགན་ནུས་སྒྱུར་ཞིང་བྱེད་སྟངས་སྒྱུར་བ་དང་སྤྱོད་ཚུལ་སྒྱུར་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྱུར་བ་གསུམ་གཏིང་ཟབ་ཏུ་སྤེལ་ཏེ་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་རྨང་གཞིའི་བྱ་བ་བཟང་བོར་བསྒྲུབ་ནས་གནས་ཚུལ་གསལ་ཞིང་གྲངས་ཀ་ཡང་དག་ཡིན་དགོས་ལ། སྤྱོད་ཚུལ་རྣམ་དག་ཡིན་དགོས་ཟེར། ཀྲང་ཀའོ་ལིས་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

 ཀྲང་ཀའོ་ལིས་ཀྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཉིན་ཞ་ཡིས་རང་རྒྱལ་གྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་གི་སྙན་ཞུའི་རེ་བ་ལྟར། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྷད་མེད་འཁོར་རྒྱུགས་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་ནས་རྒྱ་ཆེའི་མང་ཚོགས་སྔ་མོ་ནས་དབུལ་ཐར་ཕྱུག་སྒྱུར་བྱེད་པར་རོགས་རམ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག