མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས8ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས། ཨུ་ཡོན་བཅོ་ལྔས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན་གྱི་བརྗོད་དོན་ལ་དམ་པོར་དམིགས་ནས་ཚོགས་ཆེན་སྟེང་གཏམ་བཤད་སྤེལ།

ཉིན་དེའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧན་ཆི་ཏི་དང་། ལིན་བུན་ཡུས། ལིས་ཧེ་ཧྥུན། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། ཆི་ཞུས་ཁྲུན། ཝང་ཆན་མའེ་སོགས་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་། ལིན་ཅིས་ཧྭ། ཝན་ཀང་། ལོ་ཧྥུའུ་ཧི། ཀྲང་ཆིན་ལིས། སུའུ་རོང་། ཁྲིན་ཡོན། ཀྲིག་ཞོ་ཁྲོན། ཝང་ཅ་རོས། མཱ་པོའོ། ཁྲིན་ཞོ་ཀོང་། མཱ་ཕེས་ཧྭ། ལིག་ཞོ་ཧྥུན་སོགས་གྲོས་ཚོིགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཆི་པོ་དང་། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན།   

 གྲོས་ཚོགས་ལ་ལིན་བུན་ཡུས་ཀྱིས་མགོ་འཛིན་བྱས། ཨུ་ཡོན་ཀའོ་ཁྲིན་ཀྲིན་གྱིས་གྲོས་ཚོགས་སྟེང་བསྟན་དོན། དབྱི་སི་ལན་ཆོས་ལུགས་ནི་ཞི་བདེའི་ཆོས་ལུགས་ཤིག་ཡིན་པ་དང་། ཀྲུང་གོ་མུའུ་སི་ལིན་གྱིས་དྲག་ཤུགས་འཇིགས་སྐུལ་རིང་ལུགས་ཀྱིས་ཉེས་བ་བསགས་པར་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར། ཁོས་རང་རྒྱལ་གྱིས་མྱུར་དུ«འཇིགས་སྐུལ་བཅའ་ཁྲིམས»ཤིག་གཏན་ལ་ཕབ་དགོས་ཞེས་གྲོས་གཞི་བཏོན། ཨུ་ཡོན་ཁྲིན་ཅིན་ཕེས་དང་། ཝུའུ་ཞོ་ཆིན། ཡན་ཅིན་སོགས་ཀྱིས་ཀྱང་འཕྲོ་རིམ་འཕྲོར་གྲོས་གཞི་བཏོན་པ་དང་གཏམ་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག