མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨུ་ཡོན་ཅུས་ཧུང་ཧྭ་ཡིས་མི་རིགས་ས་ཁུལ་གྱི་བྱིས་པའི་སློབ་ལོ་མ་ལོན་གོང་གི་སློབ་གསོ་དང་གཙང་གསུམ་འབྱུང་ཁུལ་སྲུང་སྐྱོབ་བྱེད་རྒྱུར་དོ་ཁུར་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  2014-03-08 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་མཁན་སྨན་དོན་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུ་ལན་རྫོང་སོག་ལུགས་གསོ་རིག་སྨན་ཁང་གི་འགོ་འཛིན་གཞོན་པ་ཅུས་ཧུང་ཧྭ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཡོད་པ་དང་ཁོང་གིས་ད་ཐེངས་གྲོས་ཚོགས་ལ་བསྣམས་པའི་གྲོས་གཞི་ནི་མི་རིགས་ས་ཁུལ་གྱི་བྱིས་པའི་སློབ་ལོ་མ་ལོན་གོང་གི་སློབ་གསོ་འགན་སྲུང་བྱེད་རྒྱུའི་སྐོར་ཡིན་པ་དང་། ཁོང་གིས་མིག་སྔར་མི་རིགས་ས་ཁུལ་མང་པོ་ཞིག་ལ་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སློབ་ལོ་མ་ལོན་གོང་གི་སློབ་གསོ་མེད་པའམ་ཧ་ཅང་ཉམས་ཞན་ཡིན་པས་དེའི་ཐད་ད་དུང་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་དང་།མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དེ་དག་ཕྲུ་གུ་དེ་ཚོའི་ཐོག་རྒྱུན་འཛིན་ཡག་པོ་ཐུབ་རྒྱུ་འགན་ལེན་བྱེད་དགོས་ཀྱི་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག