མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ལུགས་གླེང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-08 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་སྤྱི་ཚེས7ཉིན་གྱི་སྔ་དྲོ་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་འཚོགས་པ་དང་སྲིད་གྲོས་ཨུ་ཡོན་བཞིས་མི་དམངས་སྲིད་གྲོས་དེ་ཉིད་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་ཡིན་པའི་ནུས་པ་གང་འདྲ་བྱས་ནས་འདོན་སྤེལ་གང་ལེགས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བརྒྱབ་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྩོམ་རིག་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་བཅའ་སྡོད་ཀྲུའུ་རིན་གཞོན་པ་ཁ་ཅིང་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ་གྲོས་མོལ་དམངས་གཙོ་ཅན་ལ་གྱུར་བ་བྱེད་རྒྱུ་དེ་དུས་རིམ་གསར་པ་ཞིག་ལ་སླེབས་ཡོད་ཅིང་གྲོས་མོལ་དམངས་གཙོའི་ཕྱོགས་ནས་ལྟས་ན་གྲོས་མོལ་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཡོད་པའི་ངོས་འཛིན་གནང་འདུག རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཆེད་བཀོད་ཀྲུའུ་ཞི་གཞོན་པ་སླད་མིང་གིས་དམངས་གཙོ་ཏང་ཤོག་ཁག་གིས་སྲིད་ཞུགས་སྲིད་གྲོས་ལས་དོན་ཡག་པོ་བྱེད་དགོས་ན་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཤེས་རྟོགས་བྱེད་དགོས་པ་དང་མང་ཚོགས་ཀྱིས་གང་ཞིག་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་དང་བསམ་བློ་གང་ཞིག་གཏོང་གི་ཡོད་པ་ཤེས་རྟོགས་བྱེད་དགོས་ཀྱི་ཡོད་ཅེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག